{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྨན་ཁང་ངོ་སྤྲོད། > ནང་དོན་གྱི་ངོས།

རྟགས་ལྕི་ལྟ་སྐྱོང་ནད་ཁང་།(ICU)

དུས་ཚོད།2013--07--03--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།

ཚན་ཁག་འདི་ནི་ལག་རྩལ་ནུས་ཤུགས་མཐོ་ལ། སྨན་ཁང་རིམ་པའི་རིག་ཚན་སྣ་ཁྲིད་

པ་ཡིན།སྨན་པ་འབུམ་རམས་པ་ཀའོ་ཁྲུང་ཅང་དང་ཞུས་པའོ་གཉིས་ཀྱིས་འཛུབ་ཁྲིད་འོག་མྱུར་བཅོས་ཁོང་ནད་ཚན་ཁག་དང་། མྱུར་བཅོས་ཕྱི་ནད་ཚན་ཁག སྙིང་རྩའི་ཁོང་ནད་ཚན་ཁག དབང་རྩའི་ཕྱི་ནད་ཚན་ཁག་སོགས་གཙོ་བྱས་པའི་ཆེད་ལས་མང་པོའི་སྨན་བཅོས་མྱུར་སྐྱོབ་མ་ལག་ཆ་ཚང་དུ་གྲུབ་ཡོད། དེ་ནི་སྨན་ཁང་ལ་མ་ཐོན་སྔོན་གྱི་མྱུར་སྐྱོབ་དང་། སྨན་ཁང་ནང་གི་མྱུར་བརྟག་མྱུར་བཅོས། རྟགས་ལྕི་ལྟ་སྐྱོང་གསོ་བཅོས་ICUསོགས་འདུས་པའི་སྣ་གསུམ་ཕུང་གཅིག་གྲུབ་ཡོད།

ལས་ཀའི་ཁྱབ་ཁོངས་ནི་མྱུར་གཤིས་མཁལ་ནུས་ཉམས་ཟད་དང་མྱུར་གཤིས་གློ་བའི་ཆུ་སྐྲངས། དུག་རྫས་སྣ་ཚོགས་ཀྱིས་དུག་ཕོག་ལྕི་ཤས་ནད་པ་སོགས་ལ་ཞིང་ཆེན་ནང་ཐོག་མར་ཁྲག་འཚག་རྒྱུན་མཐུད་ལག་རྩལ་བཀོལ་བ་དང་། མྱུར་སྐྱོབ་ལེགས་འགྲུབ་ཚད་མངོན་སུམ་དུ་མཐོ་རུ་ཕྱིན། མྱུར་གཤིས་སྙིང་ཤ་ཁེགས་ཤི་ལ་ཚབས་ཆེན་བླ་གཉན་ནད་ལྡན་པའི་ནད་པའི་མྱུར་སྐྱོབ་ཆུ་ཚད་ཞིང་ཆེན་ནང་སྔོན་ཐོན་ཡིན་པ་དང་། རྒྱུ་རྐྱེན་སྣ་ཚོགས་ཀྱིས་

བསྐྱེད་པའི་འབྱིན་རྔུབ་ཉམས་ཟད་ནད་པར་འཕྲུལ་ཆས་དབུགས་རྒྱུ་གསོ་ཐབས་བཀོལ་བར་ཉམས་མྱོང་ཕུན་སུམ་ཚོགས་པ། ལྷོད་དལ་རང་བཞིན་གྱི་སྙིང་འགྲོས་རྒྱུན་ཤོར་ནད་པ་ལ་གནས་སྐབས་སམ་ཡང་ན་ཡུན་རིང་གི་མིའི་བཟོས་སྙིང་ལྡིང་ཡོ་ཆས་གསོ་ཐབས་བཀོལ་བ།ལྕི་རྟགས་ཀུ་ལེན་པ་ལིས་རྟགས་འདུས་ནད་པའི་མྱུར་སྐྱོབ་ནུས་པ་འབུར་དུ་ཐོན།རྒྱུ་རྐྱེན་གང་རུང་གིས་བསྐྱེད་པའི་མྱུར་བ་དང་དལ་བའི་རང་བཞིན་གྱི་མཁལ་ནུས་ཉམས་ཟད་ལ་

ཁྲག་གཙང་བསྒྱུར་གསོ་ཐབས་བཀོལ་བ།འབྱིན་རྔུབ་བྱེད་ནུས་ཉམས་ཟད་ཚབས་ཆེན་དང་ARDSགློ་སྙིང་སླར་སོས་གྱིས་མཐོ་རིམ་ཚེ་སྲོག་རྒྱུན་མཐུད་གསོ་ཐབས་ཞིང་ཆེན་ནང་སྔོན་ཐོན་གྲས་ཡིན། མྱུར་བཅོས་དང་རྨས་སྐྱོན་ཕྱོགས་ལ། ཟས་རྗེས་དང་དུག་ཕོག་ནད་པ་ལ་དེ་མ་ཐག་གཅོད་འབྱེད་ཕོ་བ་བཀྲུ་ཐབས་ཀྱིས་དུག་རྫས་མེད་པར་གཏོང་བ། ཕྱི་དམས་རང་བཞིན་གྱི་བརླ་རྐང་སྡོད་རྩ་ཆད་རྨས་ལ་རང་གཟུགས་ཀྱི་བརླའི་རྩ་བོ་ཆེའི་སྤོ་འཛུགས་ལེགས་འགྲུབ་བྱུང་བ་དང་། མྱུར་གཤིས་ཁྲག་རྡོལ་དང་ཤི་འདྲུལ་གྱི་ཤན་རྨེན་ཚ་ནད་ལ་ཕྱོགས་བསྡུས་གསོ་ཐབས་ཀྱི་གྲུབ་འབྲས་བཟང་།མྱུར་གཤིས་ཕོ་བའི་ནང་སྐྱིའི་ནད་འགྱུར་ཁྲག་ཤོར་ཚབས་ཆེན་ལ་ཕོ་བའི་མདུན་རིས་གཤགས་འབྱེད་བྱས་ཏེ་ཕོ་ཁོག་ནང་སྐྱིའི་འོག་འཚེམ་སྦྱོར་ཁྲག་ཆད་ཐབས་བཀོལ་བས་གསོ་བཅོས་ཐབས་ལམ་གསར་བ་རྙེད།འཇུ་ལམ་གོང་མའི་ཁུང་རྡོལ་ཡོད་པ་མ་ཟད་གསུས་སྐྱིའི་ཚ་ནད་ཚབས་ཆེན་ལྡན་པའི་ནད་པར་གཤགས་འབྱེད་

ལེགས་སྤེལ་དང་གཤགས་རྗེས་ཕྱོགས་བསྡུས་གསོ་ཐབས་སྦྲེལ་བས་ནད་པ་སེང་དྲག་ཏུ་གཏོང་ཐུབ་པ་དང་།མགོ་ཀླད་དམས་སྐྱོན་ལྕི་མོའི་མྱུར་སྐྱོབ་གསོ་ཐབས་ཕྱོགས་ལ་གྲུབ་འབྲས་བཟང་བོ་ཐོབ།ཡང་དོན་སྣོད་བྱེད་ནུས་རྒྱུན་མཐུད་ལྟ་སྐྱོང་དང་གསོ་བཅོས་རྒྱུན་སྐྱོང་།ཚབས་ཆེན་གྱི་མཉམ་འདུས་རྨས་སྐྱོན་སོགས་ཀྱི་མྱུར་སྐྱོབ་ཐད་གྲུབ་འབྲས་མི་དམན་པ་བླངས།གཞན་ཕེ་ནི་སི་ལིན་ཚོར་ཐལ་གྱིས་སྙིང་འཕར་དང་འབྱིན་རྔུབ་ཐོལ་སྡོད་ནད་པ་མྱུར་སྐྱོབ་ལེགས་འགྲུབ་བྱུང་བ་དང་།བེའུ་ཐི་བུལ་གྱིས་དུག་ཕོག་པས་སྙིང་འཕར་དང་དབུགས་མེད་པར་དུས་ཚོད་ལྔ་དང་སྐར་མ་བཅུ་འགོར་བའི་ནད་པར་མྱུར་སྐྱོབ་ལེགས་འགྲུབ་བྱུང་བས་དགའ་བསུ་ཆེན་པོ་ཐོབ།

   ལག་རྩལ་ཁྱད་ཆོས། ཚན་ཁག་འདིས་མཉམ་འདུས་རང་བཞིན་གྱི་ཕྱི་དམས་དང་། མྱུར་གཤིས་ལྕི་རྟགས་ཤན་རྨེན་ཚ་ནད།རྒྱུ་རྡོལ།ལོ་ན་རྒས་པའི་མྱུར་བཅོས་ནད་པ་སོགས་ཀྱི་མྱུར་སྐྱོབ་ཁྲོད་གྲུབ་འབྲས་མང་པོ་ཐོབ་ཡོད། མཆིན་མཆེར་གས་པ། ཕོ་རྒྱུ་གས་པ། མཆིན་མཁྲིས་མ་ལག་གི་ནད་རིགས། གཤེར་རྨེན་ནད་རིགས། ཕོ་རྒྱུ་ནད་རིགས་སོགས་ཀྱི་ངོས་བཟུང་དང་གསོ་བཅོས།ལོ་རེར་གཤགས་འབྱེད་ནད་དཔེ་གྲངས་1000ལྷག་ཡོད་པ་དང་སེང་དྲག་ཚད་98%བརྒལ་བས་ས་ཁུལ་འདིའི་སྔོན་ཐོན་གྲས་ཡིན།ལྷག་པར་དུ་མང་འབྱུང་རང་བཞིན་གྱི་དམས་སྐྱོན་དང་ཉེན་ཆེ་བའི་ནད་རིགས།རྟགས་ལྕི་ཤན་རྨེན་ཚ་ནད་སོགས་ཀྱི་མྱུར་སྐྱོབ་ལེགས་འགྲུབ་ཚད་95%ཟིན།དེ་མ་ཟད་གསུས་ཁོག་ཤེལ་འོག་སྣོད་མཁྲིས་གཅོདའབྱིན་ཐབས་བཀོལ་བ།  ERCPPTCBཕྲོའམCT གཏན་གནས་འོག་སྣོད་མཁྲིས་

གཙགས་རྟོལ་བཞུར་འདྲེན་ཐབས་དང་མཆེར་བའི་འཕར་རྩ་རེང་འགགས་གཤགས་ཐབས་སོགས་ཀྱི་ལག་རྩལ་སྤེལ། Bཕྲོ་ཡི་སྣ་ཁྲིད་འོག་ཤན་རྨེན་ཐུམ་སྐྲངས་འབྱིན་པའི་གསོ་ཐབས་ལེགས་འགྲུབ་ངང་སྤེལ་བ། བྲང་ཁོག་དང་གསུས་ཁོག་ཤེལ་མཐོང་གཉིས་མཉམ་འབྲེལ་གཤགས་འབྱེད་གསོ་ཐབས་གྱིས་བྲང་ཁོག་དང་གསུས་ཁོག་མཉམ་འདུས་རྨས་སྐྱོན་གསོ་བ།གསུས་གནས་རྨས་སྐྱོན་ཀྱི་ངོས་བཟུང་གསོ་བཅོས་ཁྲོད་ཀྱི་བཀོལ་སྤྱོད་དང་ཤན་རྨེན་ཕལ་ཆེར་གས་ཆག་གི་གསོ་བཅོས་ལ་ཕྲན་རྨས་ལག་རྩལ་བཀོལ་བ་ནི་ཞིང་ཆེན་ནང་ཐོག་མ་ཡིན། དེའི་ནང་ཤན་རྨེན་གས་ཆག་རྨས་སྐྱོན་གྱི་ནད་དཔེ་གསུམ་གསོན་ཐུབ་པ་མ་ཟད་སེང་དྲག་ཏུ་གྱུར། མིག་སྔར་ཕྲན་རྨས་གཤགས་ཐབས་སྣ་ཚོགས་བསྡོམས་པས་2600ལྷག་སྤེལ། ཀླད་པའི་ནང་གི་ཁྲག་སྐྲངས་ལ་ཕྲན་རྨས་གཙང་འབྱིན་ལག་རྩལ་བཀོལ་བ་ནི་རྒྱལ་ནང་སྔོན་ཐོན་གྲས་ཡིན། 1997ལོར་རྣམ་གྲངས་འདི་ནང་འདྲེན་བྱས་ལ་ནད་དཔེ་530ལྷག་ལ་

གཤགས་ཐབས་འདི་བཀོལ་བས་གྲུབ་འབྲས་བཟང་ལ་ལེགས་འགྲུབ་ཚད་100%ཐོན་ཐུབ། 

སྒྲིག་ཆས་གཙོ་བོ་ནི་དེང་རབས་སྨན་བཅོས་སྒྲིག་ཆས་རིན་གོང་སྒོར་ཁྲི་སྟོང་ལྷག་གི་ཡོ་ཆས་60ལྷག་ཡོད།HPཚོན་མདོག་དཀྱུས་མའི་ལྟ་སྐྱོང་མ་ལག་ཆ་གཅིག འདིས་སྙིང་གློག་དང་

འབྱིན་རྔུབ། ཁྲག་དབྱང་དང་ཚད་ལོངས་ཚད། རྨ་མེད་ཁྲག་ཤེད། རྨ་ཅན་ཟུང་གི་ཁྲག་ཤེད། རྔུབ་མཇུག་གི་CO2ཁྲག་གི་གློག་འབྱེད་རྫས། ཁྲག་དབུགས་དབྱེ་ཞིབ། སྨན་རྫས་གར་ཚད་གྲངས། S-Tདབྱེ་ཞིབ། COགྲངས་སོགས་ཀྱི་ཚད་མཇལ་ཐུབ། རྟགས་ལྕི་ལྟ་སྐྱོང་ནད་ཁང་(ICU)དུ་རྒྱལ་ནང་སྔོན་ཐོན་གྱི་ཚད་དང་ལྡན་པའི་ICUནད་ཁྲི་16དང་སེང་རབས་ནང་འདྲེན་བྱས་པའི་ཁྲི་བཅུ་རིམ་པའི་རིམ་རྒྱུག་གཙང་འགྱུར་མ་ལག ནད་ཁྲི་རེ་ལ་ICUཆེད་སྤྱོད་ཀྱི་དཔྱང་ཆས་དང་དེང་རབས་མྱུར་བཅོས་ལྟ་སྐྱོང་སྨན་བཅོས་སྒྲིག་ཆས་རེ་ཡོད། ནད་ཁང་བཀག་འགོག་ལམ་ལུགས་བཀོལ་བཞིན་ཡོད་པ་དང་།ཕན་ཚུན་མཐོང་ཐུབ་པའི་ཁ་སྤྲོད་བཤད་ཆས་མ་ལག་བསྒྲིགས་པས་ནད་པ་དང་ཁྱིམ་མི་ལ་སྟབས་བདེ་བཟོས་ཡོད།

 ཚན་ཁག་འདི་ནི་2002ལོ་དང་2004ལོར།2005ལོར།2006ལོར།2007ལོ་བཅས་

ལ་བསྟུད་མར་སྨན་ཁང་གི་སྔིན་ཐོན་ཚན་ཁག་ལ་བདམས་པ་དང་། 2006ལོའི་ཟླ་10པར་

ཞིང་ཆེན་གསོ་རིག་ཚོགས་པ་དང་འཕྲོད་བསྟེན་ཐིང་གིས་སྤེལ་བའི་མྱུར་སྐྱོབ་ལག་རྩལ་འགྲན་བསྡུར་ཁྲོད་གློ་སྙིང་སླར་གསོ་ཨང་དང་པོ་བླངས། ངེད་ཚན་ཁག་གི་སྨན་པ་དང་ནད་གཡོག་རྣམས་ཀྱིས་བློ་སེམས་གཅིག་སྒྲིལ་གྱིས་བྱ་བ་

ལ་བརྩོན་པ་དང་ཕུལ་དུ་བྱུང་བའི་སྨན་རྩལ་གྱིས་ཉེན་ཆེན་ནད་པ་བགྲང་གི་མི་ལང་བ་མྱུར་སྐྱོབ་ལེགས་འགྲུབ་བྱུང་བ་དང་མྱུར་བཅོས་གཤགས་འབྱེད་སྤེལ། ཉེ་ཆར་ཚན་ཁག་ནང་དུ་

འབྱིན་རྔུབ་ཡོ་ཆས་དང་ཕྲན་ཚན་ཕུམ།གཤེར་འདྲེན་ཕུམ།སྣེ་མང་ལྟ་སྐྱོང་ཡོ་ཆས་སོགས་སྔོན་ཐོན་སྒྲིག་ཆས་ལྡན་ལ། ཉེན་ཆེན་ནད་པའི་མྱུར་བཅོས་ལ་ཆ་རྐྱེན་བསྐྲུན་ཡོད།

ཚན་ཁག་ཁ་པར། 0971-8252685

རིག་ཚན་སྣ་ཁྲིད་པ།

ཞུས་པའོ།  སྨན་པ་འབུམ་རམས་པ། འབྲེལ་གཏུགས་ཁ་པར། 3589151

མིན་ཅན་པེན།  སྨན་པ་འབུམ་རམས་པ། འབྲེལ་གཏུགས་ཁ་པར། 3596960

 

འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།