ཆམ་ནད་་བཅོས་ཐབས།
རྒྱུན་ལྡན་གྱི་ཆམ་ནད་དང་ཆམ་རིམས་གཉིས་ལ་ནུས་པ་ཁྱད་པར་དུ་ཐོན་པའི་སྨན་སྣ་ཡོད་པ་མ་རེད། ལྷག་པར་དུ་ཆམ་རིམས་ཀྱི་ནད་དུག་ལ་རིགས་མང་ཞིང་། ཕལ་ཆེར་ལོ་འགའི་ནང་ནད་དུག་གསར་བ་རེ་འབྱུང་བཞིན་ཡོད་པའི་རྐྱེན་གྱིས་སྨན་གཅིག་པུ་ལ་བརྟེན་ནས་ནད་ཞི་འཇམ་དུ་གཏོང་རྒྱུད་དེ་རེད། སྤྱིར་བཏང་ན་གཟུག་འཇོག་བྱེད་དང་གློ་ལུ་འཇོམས་ཤིང་ལུད་པ་སེལ་བའི་སྨན་བསྟེན་དགོས་པ་དང་། གཞན་ད་དུང་ཆུ་མང་དུ་ཕུལ་བ་དང་འཚོ་བཅུད་ཕུན་སུམ་ཚོགས་པོ་བསྟེན་པའམ། གཉིད་འཆག་མེད་ཅིང་ཟས་བཅུད་དོ་སྙོམ་པོ་བྱས་ན་ནད་དེ་སངས་དྲག་ཏུ་འགྲོ་ཐུབ་པ་ཡིན། འོན་ཀྱང་སྨན་འཚོང་ས་ནས་གང་དགར་ཉོས་ཡོང་བའི་སྨན་དེ་རིགས་བསྟེན་པ་ནི་ཡང་དག་ཏུ་མི་འཛིན། གལ་ཏེ་སྣ་ཆུ་དང་གློ་ལུ་སོགས་རྒྱུན་ལྡན་གྱི་ཆམ་ནད་དང་རིགས་འདྲ་འབྱུང་ངའི་སྐབས་སུ་ཡང་ནད་དུག་འགོས་པའི་ཆམ་ནད་ཡིན་པའི་ངེས་པ་མེད་དེ། གློ་ཚད་དང་། སྣའི་གཉན་ཚད། དབུགས་འཚང་བ་སོགས་ཀྱི་ནད་རིགས་ཀྱང་ཡིན་སྲིད་ལ། འདུས་པའི་ནད་གཞན་ཀྱང་ཡིན་ངེས་སོ། ། དཔེར་ན། རྣ་དཀྱིལ་གཉན་ཚད། སྣ་རུས་གཉན་ཚད། གློ་ཚད་སོགས་འདུས་ནད་སྣ་ཚོགས་ཀྱི་གནོད་པ་མ་ཐོང་བར་གང་འདོད་དུ་སྨན་གཞན་ཉོས་ནས་བསྟེན་ན་ནད་བཅོས་ཀྱི་དུས་སྐབས་བཟང་པོ་འགོར་འགྱངས་བྱེད་སྲིད་པ་རེད། ཆམ་ནད་བྱུང་ནས་གློ་ལུ་བྱེད་ན། སྔས་མཐོན་པོ་འཇོག་པའམ་རྒྱབ་རྡུང་སྟེ་ལུད་པ་ཕྱིར་འབྱིན་པར་བྱེད་པ་དང་། སྐབས་བསྟུན་གྱིས་ཆུ་དྲོ་འཇམ་ཕུལ་ན་ལུས་ཁམས་བདེ་བར་འབབ་ཐུབ་པ་ཡིན། གལ་ཏེ་མིད་པ་ན་པ་ཡིན་ན་སྐད་ཆ་མང་པོ་མི་བཤད་པ་དང་། དུས་རྒྱུན་ཆུ་དྲོ་འཇམ་དང་ཆུ་ཁོལ་འཁྱགས་པ་བསྟེན་རྒྱུ་གལ། སྣ་སོགས་འགགས་པ་ཡིན་ན་ཁའི་ནང་དང་སྣ་ཁུང་དུ་ཚྭ་ཆུས་བརླན་པར་བྱོས། སྣ་ཆུ་མ་ཆད་ན་རྐྱེན་གང་ཡིན་བརྟག་སྟེ་མྱུར་དུ་སྨན་བཅོས་བྱ་དགོས་པ་ལས་གང་འདོད་དུ་སྨན་གཞན་འཐུང་ནས་དུས་ཚོད་འགོར་འགྱངས་བྱེད་མི་རུང་ལ། སྣ་ཆུ་ཤེད་ཀྱིས་ཀྱང་འབུད་མི་ཉན། ཚ་རྒྱག་པ་ཡིན་ན་ལུས་དྲོད་འགྱུར་ལྡོག་ལ་མཉམ་འཇོག་བྱ་དགོས་པ་སྟེ། ཁྲུས་བྱེད་པའི་སྐབས་སུ་ཆུ་ཧ་ཅང་ཚ་བ་སྤྱད་མི་རུང་བ་དང་ཡང་ན་ལག་ཕྱིས་འཁྱགས་པས་ལུས་པོ་ཕྱིས་ནའང་ཆོག་གོ །
- ·པུ་ལོན་ཏུའི་སྨན་བཅོས་རོགས་སྐྱོར་རུ་ཁག་ཕྱིར་ལོག་པ།(09.06)
- ·རང་སྨན་ཁང་གི་རྒྱལ་སྤྱིའི་སྨན་པའི་དུས་ཆེན་གཏོང་བ།(09.06)
- ·རང་སྨན་ཁང་གི་སྨན་བཅོས་རོགས་སྐྱོར་རུ་ཁག་ལྷ་ས་འགྲོ་བ།(09.06)
- ·རང་སྨན་ཁང་གི“རྒན་པ་བྱམས་སྐྱོང་སྨན་བཅོས་དཔེ་སྟོན”གསར་འཛུགས་བྱེད་པ།(06.22)
- ·ཟི་ལིང་མི་དམངས་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པ།(05.10)
- ·མཚོ་ལྷོ་སྨན་ཁང་གི་ལས་བཟོ་པ་རང་སྨན་ཁང་དུ་ཡོང་བ།(02.24)
- ·རང་སྨན་ཁང་གི་གཟེངས་བསྟོད་བྱ་དགའ་།(02.24)
- ·རང་སྨན་ཁང་གི་ཡུལ་ཤུལ་ཁུལ་ལ་སྨན་བཅོས་རོགས་སྐྱོར་བྱེད།(01.28)
- ·རང་སྨན་ཁང་གི་ཉེན་རྟོག་པའི་དུས་ཆེན་ལ་རྒྱལ་དར་བསྒྲེངས་པ། (01.28)
- ·རང་སྨན་ཁང་གི་བྲང་ཁའི་སྐྲན་ནད་རིག་མང་མཉམ་འབྲེལ་སྒོ་བསྟེན་ཁང་།(12.24)