ཀྲང་ཅན་ཆིན།
ཀྲང་ཅན་ཆིན།སྨན་པ་འབུམ་རམས་པ།ད་ལྟ་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་ཡོན་ཀྲང་འགན་བཞེས་ཡོད།ཁོ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏང་བའི་ཕོགས་སྣོན་དམིགས་བསལ་ཅན་ལོངས་སུ་སྤྱོད་པའི་ཆེད་མཁས་ཡིན་པ་དང་།ད་ལྟ་མཚོ་སྔོན་ཞིང་ཆེན་ཕུལ་བྱུང་ཆེད་མཁས་ལག་རྩལ་མི་སྣ།མཚོ་སྔོན་ཞིང་ཆེན་མོ་ནད་ཚན་ཁག་གི་དབུ་བཞུགས་ཆེད་མཁས།མཚོ་སྔོན་ཞིང་ཆེན་གསོ་རིག་ཚོགས་པའི་ཚོགས་གཙོ་གཞོན་པ་དང་།མཚོ་སྔོན་ཞིང་ཆེན་གསོ་རིག་ཚོགས་པའི་ཡ་ཀྱལ་མོ་ནད་རིག་གཞུང་ཚོགས་པའི་ཀྲུའུ་རིན་ཨུ་ཡོན།མཚོ་སྔོན་ཞིང་ཆེན་འཆར་ལྡན་བུ་སྐྱེས་ཆེད་མཁས་མཛུབ་སྟོན་ཨུ་ཡོན་ཚོགས་པའི་ཀྲུའུ་རིན་ཨུ་ཡོན་དང།མཚོ་སྔོན་སློབ་གྲྭ་ཆེན་མོ་གསོ་རིག་སློབ་གླིང་གི་གདན་ཞུས་དགེ་རྒན་ཆེན་མོ་དང་རབ་འབྱམས་ཞིབ་འཇུག་སློབ་མའི་འཛུབ་སྟོན་དགེ་རྒན་སོགས་ཡིན།
༢༠༠༢ལོར།མཚོ་སྔོན་ཞིང་ཆེན་མིང་གྲགས་སྨན་པའི་མིང་ཐོབ།༢༠༠༤ལོར་རྒྱལ་ཁབ་འཕྲོད་བསྟེན་ཐིང་གིས་རྒྱལ་ཡོངས་འཕྲོད་བསྟེན་མ་ལག་གི་སྔོན་ཐོན་ལས་བྱེད་མཁན་ལ་འདེམས།ཁོང་ནི་མོ་ནད་ཚན་ཁག་གི་ཐག་གཅོད་དཀའ་བའི་ནད་རིགས་དང་སྐྲན་འབྲས་སོགས་ཀྱི་གསོ་བཅོས་ལ་མཁས་པ་མ་ཟད་མོ་ནད་ནད་རིགས་ཀུན་ལ་ཀྲུང་ཕྱི་གསོ་རིག་ཟུང་འབྲེལ་གྱི་གསོ་ཐབས་བཀོལ་བས་འབྲས་བུ་མི་དམན་པ་ཐོབ་ཡོད།དེ་མ་ཟད་མོ་ནད་གཤགས་འབྱེད་རིགས་ཀུན་ལ་ཞིབ་འཇུག་གཏིང་ཟབ་དང་གསར་གཏོད་ཀྱི་ཁྱད་པར་ལྡན།ལྷག་པར་དུ་མངལ་འབྲས་རྩད་འབྱིན་གཤགས་ཐབས་དང་ཚང་ཁོག་རྨེན་འབྲས་གཙང་འགོག་གཤགས་ཐབས་གཉིས་རྒྱལ་ནང་སྔོན་ཐོན་གྲས་སུ་ཚུད་ཡོད།ཉེ་བའི་ལོ་འདི་འགའི་རིང་ཁོང་གིས་སྣེ་ཁྲིད་དེ་ཁོག་ཤེལ་གཤགས་ཐབས་བཀོལ་བས་རྨ་ཁ་ཆུང་ལ། ཁྲག་ཤོར་ཉུང་བ། ནད་པའི་སྡུག་བསྔལ་ཆུང་བ། གཤགས་རྗེས་སོས་མགྱོགས་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་ད་ལྟ་མུ་མཐུད་དུ་སྲོལ་རྒྱུན་གཤགས་ཐབས་མང་ཆེ་བའི་ཚབ་བྱེད་བཞིན་ཡོད།
- ·རང་སྨན་ཁང་གི་སྙན་ཚིག་ཀློག་འདོན་འགྲན་བསྡུར་བྱེད།(04.27)
- ·རང་སྨན་ཁང་གི་སྐྲན་ནད་འགོག་བཅོས་དྲིལ་བསྒྲགས་བྱེད།(04.27)
- ·རང་སྨན་ཁང་གི་ར་རྒྱ་གྲོང་རྡལ་སྨན་ཁང་ལ་གྲོས་མཐུན་ཡི་གེ་བཞག(04.01)
- ·རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་འཚམས་འདྲི་ཞུ་བ།(03.10)
- ·པུ་ལོན་ཏུའི་རྒྱལ་ཁབ་ལ་སྨན་བཅོས་རོགས་སྐྱོར་དུ་འགྲོ་བ།(03.10)
- ·གནམ་ལོ་གསར་ཚེས་ལ་འཚམས་འདྲི་ཞུ་བ།།(02.08)
- ·རང་སྨན་ཁང་གི་ལས་བཟོ་བ་མང་པོ་རིན་མེད་ཁྲག་འབུལ་ལ་ཞུགས།(02.08)
- ·རང་སྨན་ཁང་གི་ཡུལ་ཤུལ་ཁུལ་ལ་སྨན་བཅོས་རོགས་སྐྱོར་བྱེད།(01.19)
- ·སྨན་ལས་མི་སྣ་ཡུལ་ཤུལ་ནང་ཆེན་རྫོང་མི་དམངས་སྨན་ཁང་ཕྱིན།(01.19)
- ·སྨན་ལས་མི་སྣ་ཡུལ་ཤུལ་ཁྲི་འདུ་རྫོང་མི་དམངས་སྨན་ཁང་ལ་ཕྱིན།(01.19)