ཙིན་ཞོ་ཡོན།
ཡོན་ཀྲང་གཞོན་པ།དགེ་རྒན་ཆེན་མོ་གཞོན་པ།སྨན་པ་འབུམ་རམས་པ།ཞིབ་འཇུག་སློབ་མའི་སློབ་སྟོན་དགེ་རྒན།ཨ་རིའི་ཕྱི་ནད་གཅིན་ཟགས་ཚན་ཁག་དང་ཡོ་རོབ་གླིང་གི་ཕྱི་ནད་གཅིན་ཟགས་ཚན་ཁག་གཉིས་ཀྱི་རིག་གཞུང་ལྷན་ཚོགས་ཀྱི་ཚོགས་མི་ཡིན་ལ།ཁོང་ནི་གཅིན་ཟགས་ཀྱི་ནད་ཐོག་ལག་ལེན་དང་ཚན་རིག་ཞིབ་འཇུག་སོགས་ལ་མཁས་ཤིང་།གཅིན་ཟགས་སྐྲན་ནད་དང་རྡོ་སྐྲན།གཅིན་ལམ་འགག་པ་སོགས་ཕོ་ནད་་བརྟག་དཔྱད་དང་སྨན་བཅོས་ལ་མཁས་ཤིང་དེའི་སྐོར་གྱི་གཤག་བཅོས་ལ་ཤིན་ཏུ་བྱང་བ་ཡིན།ཁོས་བཤད་པ་ལྟར་ན།གཅིན་ཟགས་ཀྱི་ནད་ལ་བརྟག་རྒྱུ་དེ་མིའི་ལུས་པོ་བདེ་ཐང་ ཡོང་བར་འབྲེལ་བ་དམ་པོ་ཡོད་པ་དང་།རང་རྒྱལ་མི་དམངས་ཀྱི་དངོས་པོའི་འཚོ་བ་ཡར་རྒྱས་བྱུང་བ་དང་བསྟུན་ནས་མི་རྣམས་ཀྱིས་དེའི་སྐོར་གྱི་ནད་ལ་བརྟག་བཅོས་དང་བདེ་ཐང་ལ་མཐོང་ཆེན་བྱེད་བཞིན་ཡོད་པ་རེད།ཕྱི་ནད་གཅིན་ཟགས་ཚན་ཁག་ནི་གཙོ་བོ་ཚན་རིག་རང་བཞིན་གྱི་ཆེད་སྤྱོད་ཚན་ཁག་ཅིག་ཡིན་ཞིང་།དེའི་ཞིབ་འཇུག་གི་ཁ་ཕྱོགས་ནི་གསུས་ཁོག་ནང་ནས་གཅིན་ཟགས་ནད་བཅོས་བྱེད་རྒྱུ་དང་གཅིན་བཞུར་འགུལ་ཤུགས་རིག་པ།ཕོ་ནད་རིག་པ།སྔོན་ཐོན་ཆུ་ཚད་ལྡན་པའི་རྣམ་གྲངས་གསར་བ་སྤེལ་རྒྱུ་བཅས་ཡིན།དེའི་ཁྲོད་མིག་སྔར་སྤེལ་ཟིན་པ་དང་སྤེལ་བཞིན་པའི་ནད་ཐོག་ཞིབ་འཇུག་རྣམ་གྲངས་ལ།གཅིག་གསུས་ཁོག་ནང་ནས་གཅིན་ཟགས་ནད་བཅོས་བྱེད་རྒྱུ་ནི་ཚན་ཁག་གི་རྣམ་གྲངས་གཙོ་བོ་ཞིག་ཡིན་པ་དང་།ཁྲག་སྦུག་དང་གསུས་སྐྱིའི་རྒྱབ་ཁོག་གི་གཤགས་འབྱེད།སྤུས་ཚད་མཐོ་བའི་སྒྲིག་ཆས་གསར་བའི་འོག་གཅིན་ལམ་སྦུ་གུ་དང་མདུན་ཆགས་རྨེན་འབྲས།ལྒང་བུའི་སྐྲན།གསུས་ཁོག་ཤེལ་འོག་མཁལ་སྐྲན་དང་མཁལ་སྟེང་རྨེན་སྐྲན།མཁལ་ཕོར་ཡ་མ་གཟུགས།མཁལ་མའི་ཐུམ་སྐྲངས་སོགས་ཀྱི་གསོ་བཅོས་སྤེལ་བ་མ་ཟད་གྲུབ་འབྲས་ཀྱང་བཟང་བོ་ཐོབ་ཡོད།གཉིས་གཅིན་བཞུར་འགུལ་ཤུགས་ནི་ཕྱི་ནད་གཅིན་ཟགས་ཚན་ཁག་གི་རིམ་པ་གཉིས་པ་ཡིན་ལ།གཅིན་བཞུར་འགུལ་ཤུགས་ཡོ་ཆས་གསར་བ་ནང་འདྲེན་བྱས་པས་གཅིན་ལམ་འགག་པའི་ངོས་བཟུང་དང་གསོ་བཅོས་ལ་ཐབས་ལམ་གསར་བ་རྙེད་ཡོད།
- ·རང་སྨན་ཁང་གི་སྙན་ཚིག་ཀློག་འདོན་འགྲན་བསྡུར་བྱེད།(04.27)
- ·རང་སྨན་ཁང་གི་སྐྲན་ནད་འགོག་བཅོས་དྲིལ་བསྒྲགས་བྱེད།(04.27)
- ·རང་སྨན་ཁང་གི་ར་རྒྱ་གྲོང་རྡལ་སྨན་ཁང་ལ་གྲོས་མཐུན་ཡི་གེ་བཞག(04.01)
- ·རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་འཚམས་འདྲི་ཞུ་བ།(03.10)
- ·པུ་ལོན་ཏུའི་རྒྱལ་ཁབ་ལ་སྨན་བཅོས་རོགས་སྐྱོར་དུ་འགྲོ་བ།(03.10)
- ·གནམ་ལོ་གསར་ཚེས་ལ་འཚམས་འདྲི་ཞུ་བ།།(02.08)
- ·རང་སྨན་ཁང་གི་ལས་བཟོ་བ་མང་པོ་རིན་མེད་ཁྲག་འབུལ་ལ་ཞུགས།(02.08)
- ·རང་སྨན་ཁང་གི་ཡུལ་ཤུལ་ཁུལ་ལ་སྨན་བཅོས་རོགས་སྐྱོར་བྱེད།(01.19)
- ·སྨན་ལས་མི་སྣ་ཡུལ་ཤུལ་ནང་ཆེན་རྫོང་མི་དམངས་སྨན་ཁང་ཕྱིན།(01.19)
- ·སྨན་ལས་མི་སྣ་ཡུལ་ཤུལ་ཁྲི་འདུ་རྫོང་མི་དམངས་སྨན་ཁང་ལ་ཕྱིན།(01.19)