{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྨན་ཁང་གསར་འགྱུར། > ནང་དོན་གྱི་ངོས།

ལྷན་སྐྱེས་སྙིང་ནད་ཅན་གྱི་བྱིས་པའི་ཁྱིམ་བདག་ལ་བཏང་བའི་འཕྲིན།

དུས་ཚོད།2016--03--25--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།

གུས་པར་འོས་པའི་ཁྱིམ་བདག་རྣམས་པ།

ལྷན་སྐྱེས་སྙིང་ནད་ནི་བྱིས་པའི་སྐྱེ་འཕེལ་ལ་ཤུགས་རྐྱེན་ཐེབས་པའི་ནད་རིགས་ཤིག་ཡིན། དེའི་ནང་གི་འགའ་ཞིག་ལ་ངེས་པར་དུ་གཤག་བཅོས་བྱེད་དགོས།ངེད་སྨན་ཁང་དང་ཀྲུང་གོ་རྒྱ་གྲམ་དམར་པོའི་ཐེབས་རྩ་ཚོགས་པ།མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་བཅས་ཀྱི་མཉམ་འབྲེལ་གྱིས་བྱམས་བརྩེ་འོད་སྣང་ཞེས་པའི་རྣམ་གྲངས་ཞིག་གི་སྒོ་མོ་བྱས་ཏེ།    རྒྱ་ཆེའི་ལྷན་སྐྱེས་སྙིང་ནད་ཅན་གྱི་བྱིས་པ་རྣམས་ལ་རིན་མེད་གྱིས་གཤག་བཅོས་དང་སྨན་བཅོས་བྱེད་པའི་ཞབས་ཞུའི་རིགས་མཁོ་སྤྲོད་བྱས་ཡོད།དེ་མིན་ཆེད་དུ་པེ་ཅིན་ཨན་ཀྲིན་སྨན་ཁང་དང་ཧྲན་ཏུང་ཅིས་ནན་ཁོངས་གཏོགས་སྨན་ཁང༌།ཆིན་ཏའོ་བྱིས་པའི་སྨན་ཁང་སོགས་ཀྱི་སྙིང་ནད་ཆེད་མཁས་སྨན་པ་མང་པོ་གདན་འདྲེན་བྱས་དེ་དུས་ཚོདངེས་ཅན་ནང་གཤག་བཅོས་བྱ་རྒྱུ་ཡིན།

༡.ཐོག་མར་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་སྙིང་ནད་ཆེད་མཁས་པ་རྣམས་



ཀྱིས་ས་གནས་སོ་སོའི་བྱིས་གཉོར་ཁང་དང༌།སློབ་ཆུང་དང་དམར་འབྲིང་སོགས་སུ་སོང་ནས་ལོ་ཚོད་དང་འཚམ་པའི་བྱིས་པའི་གནས་ཚུལ་དངོས་ལ་འདྲི་རྟོགས་བྱེད་པ།

༢.གལ་ཏེ་ལྷན་སྐྱེས་སྙིང་ནད་ཅན་གྱི་བྱིས་པ་ཡོད་ཚེ་དེ་མ་ཐག་ཏུ་སློབ་གྲྭ་རིམ་པ་

དང་ཁྱིམ་བདག་ལ་འབྲེལ་བ་བྱས་དེ་བྱས་པའི་ནད་ཀྱི་གནས་ཚུལ་ལྟར་ཐོ་འགོད་བྱེད་རྒྱུ་ཡིན།

༣.བྱིས་པའི་ཁྱིམ་བདག་རྣམས་ལ་མགྱོགས་མྱུར་ངང་བྱམས་བརྩེ་འོད་སྣང་

ཐེབས་རྩ་ཚོགས་པའི་ཡར་ཞུའི་རེའི་མིག་སྤྲོད་པ།

༤.བྱིས་པའི་ཁྱིམ་བདག་རྣམས་ཀྱིས་བྱམས་བརྩེ་འོད་སྣང་ཐེབས་རྩ་ཚོགས་པའི་རེའུ་མིག་དང་འབྲེལ་བའི་ཡིག་ཆ་གྲ་སྒྲིག་བྱས་རྗེས་ང་ཚོར་འབྲེལ་བ་བྱེད་དགོས།དེ་མིན་མགྱོགས་མྱུར་ངང་བྱམས་བརྩེ་འོད་སྣང་ཐེབས་རྩ་ཚོགས་པའི་ཡར་ཞུའི་རེའུ་མིག་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པར་སྤྲད་ནས་ཞིབ་བཤེར་བྱེད་དགོས། 

༥.མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་ཁ་པར་གྱི་ལམ་ནས་བརྡ་གཏོང་ངེས།སྐབས་དེར་དུས་ཚོད་ངེས་གཏན་ལྟར་སྨན་ཁང་དུ་སོང་ནས་ཞག་སྡོད་བྱེད་དགོས། ཞག་སྡོད་གཏའ་དངུལ་མི་དགོས།

ངེས་པར་དུ་ཁྱེར་ཡོང་དགོས་པའི་ཡིག་ཆ།

༡.སྡོད་གནས་གྱི་སྨན་བཅོས་ཁག་ཐེག་འཛིན་ཡིག  ༢.སྡོད་དམངས་ཁྱིམ་ཐོ།

༣.ལྟ་རྟོག་པའི་ཐོབ་ཐང་འཛིན་ཡིག་བཅས་ཁྱེར་ཡོང་དགོས།

 

                            


འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།