{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྨན་ཁང་གསར་འགྱུར། > ནང་དོན་གྱི་ངོས།

སྨན་བཅོས་རོགས་སྐྱོབ་ཀྱི་མཁའ་ལམ་གསར་བ་སྣེ་ཁྲིད་བྱས།

དུས་ཚོད།2015--09--26--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།qhrchxxzxགཏགཐེངས།
མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་རང་ཞིང་གི་རྒྱང་རིང་སྨན་བཅོས་ རོགས་སྐྱོབ་ཀྱི་མཁའ་ལམ་གསར་བ་སྣེ་ཁྲིད་བྱས།
 

ཟླ༩པའི་ཚེས༡༦ཉིན།མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་སྒོ་བསྟེན་མྱུར་བརྟག་སྣ་འདུས་ཐོག་ཁང་གསར་བའི་མདུན་ནས་རང་ཞིང་གི་ཐོག་དང་པོ་ཐད་འཕུར་གནམ་གྲུས་རྒྱང་རིང་ནམ་མཁའི་མྱུར་སྐྱོབ་ཀྱི་སྦྱོང་བརྡར་མཛད་སྒོ་སྤེལ་བ་དང་།དེས་རང་ཞིང་གི་ལོ་རྒྱུས་ཐོག་རྒྱང་རིང་ནམ་མཁའི་མྱུར་སྐྱོབ་མེད་པ་གསར་དུ་ཁ་བསྐོང་བྱས།

 



 

ཉིན་དེའི་སྔ་དྲོ་དུས་ཚོད་བཅུའི་སྟེངས་མྱུར་སྐྱོབ་སྦྱོང་བརྡར་གྱི་སྤྱིའི་བཀོད་འདོམས་པ་ཡོན་ཀྲང་གཞོན་པ་ཀུའོ་ཅིན་ལིན་གྱི་བཀོད་འདོམས་ལྟར།ལན་ཀྲུའུ་མཁའ་དམག་གིས་ཆོག་མཆན་ཐོབ་པའི་སྨན་བཅོས་རོགས་སྐྱོབ་ཀྱི་ཐད་འཕུར་གནམ་གྲུ་ཞིག་སྒོ་བསྟེན་མྱུར་བརྟག་ཐོག་ཁང་གི་གནམ་གྲུ་འབབ་ས་ནས་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་མྱུར་སྐྱོབ་ལྟེ་གནས་ཀྱི་ཆེད་ལས་རོགས་སྐྱོབ་མི་སྣ་འཁྱེར་ཏེ་མཚོ་སྔོན་རྒྱལ་སྤྱིའི་ཚོགས་འདུའི་བཤམས་སྟོན་ལྟེ་གནས་ཀྱི་ཐང་ཆེན་དུ་འཕུར་ནས་འགྲུམ་འགྲུལ་བྱུར་རྐྱེན་བྱུང་བའི་རྨས་མ་ཞིག་གནམ་གྲུར་བཞག་སྟེ་ཕྱིར་སྒོ་བསྟེན་མྱུར་བརྟག་སྣ་འདུས་ཐོག་ཁང་གསར་བའི་སྟེང་དུ་བབའ་སྟེ་རྨས་མ་མྱུར་སྐྱེལ་གྱི་ལས་འགན་བདེ་ལེགས་ངང་གྲུབ་པ་རེད།ཐེངས་འདིའི་མྱུར་སྐྱེལ་བར་ཐག་ལ་སྤྱི་ལེ༡༢ཡོད་པ་དང་།དུས་ཚོད་སྐར་མ༡༥ཡི་ནང་དུ་ཡོངས་སུ་གྲུབ་པས་རྒྱ་གྲམ་དམར་པོ་སྨན་ཁང་གི་མྱུར་སྐྱོབ་ཚོགས་པའི་ཕན་ཚུན་རོགས་འདེགས་ཀྱི་ནུས་པ་མཐོན་པ་ཡོད་པ་དེ་མངོན་པ་རེད།

 



 

ཐེངས་འདིར་སྒོ་བསྟེན་མྱུར་བརྟག་སྣ་འདུས་ཐོག་ཁང་སྟེང་ཐད་འཕུར་གནམ་གྲུས་རྒྱང་རིང་ནམ་མཁའི་མྱུར་སྐྱོབ་ཀྱི་སྦྱོང་བརྡར་མཛད་སྒོ་སྤེལ་བ་ནི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་མྱུར་སྐྱོབ་ཚོགས་པས་བོད་ཁུལ་དུ༡༢༠ཐད་འཕུར་གནམ་གྲུས་མྱུར་སྐྱོབ་སྦྱོང་བརྡར་བྱེད་པ་ཐོག་དང་པོ་ཡིན་པ་དང་།དེས་རང་ཞིང་ལ་ནམ་ཁའི་མྱུར་སྐྱོབ་ཀྱི་སྒྲིག་བཀོད་མེད་པའི་སྟོང་ཆ་དེ་བསྐངས་པས་མི་ཚད།རང་ཞིང་གི་ནམ་མཁའི་མྱུར་སྐྱོབ་ཀྱི་ཟིན་ཐོ་གསར་བ་བཀོད་པ་རེད།རང་ཞིང་གིས་ཐོག་དང་པོ་ནམ་མཁའི་མྱུར་སྐྱོབ་ཀྱི་ལམ་བུ་གསར་བ་བཏོད་པ་དེའི་དམིགས་ཡུལ་ནི་མཚོ་སྔོན་ས་ཁུལ་གྱི་འབངས་མི་སེར་དང་བྱེད་སྒོ་ཆེན་པོ་འཚོགས་པར་ཞབས་ཞུ་བཟང་པོ་ཞིག་མཁོ་སྤྲོད་བྱེད་པའི་ཆེད་དུ་ཡིན་ཞིང་།མཚོ་སྔོན་ནི་ས་རྒྱ་ཆེ་བས་ཐད་འཕུར་གནམ་གྲུའི་རྒྱང་རིང་མྱུར་སྐྱོབ་ཀྱི་ལམ་བུ་གསར་བ་བཙུགས་པ་དེས་རང་ཞིང་གི་ཡུལ་སྐོར་བྱ་གཞག་བརྟན་འཇགས་འཕེལ་རྒྱས་འགྲོ་བར་སྨན་བཅོས་འགན་སྲུང་གི་མཐུན་རྐྱེན་སྒྲུབ་ཡོད་པ་རེད།

 

 



ཉིན་དེར།ཞིང་ཨུའི་རྒྱུན་ལས་ཨུ་ཡོན་དང་།ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མ་ཧྲུན་ཆིན་དང་།ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ཧན་ཅན་ཧྭ།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་ཡུས་ཀྲི།ཞིང་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་ཧོའུ་ཕའོ་ཉིང་།ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་མ་ཅི།ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་གྱི་ཀྲུའུ་རིན་གཞོན་པ་ཝང་ཧུའུ།མཚོ་སྔོན་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་གཞོན་པ་ཝུའུ་ཡིའུ་ཀྲེང་།ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཐིང་ཀྲང་ཝང་ཧྲེང་ཏིའུ།ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཐིང་ཀྲང་གཞོན་པ་དང་བཙོན་ཁང་བདག་ཉེར་ཅུས་ཡི་ཅུས་ཀྲང་ཧྲིན་སེན་སོགས་ཞིང་ཆེན་ནང་ཁུལ་གྱི་མགོ་ཁྲིད་དང་མང་ཚོགས་བཅས་མི་གྲངས་སྟོང་གཅིག་ལྷག་ཐེངས་འདིའི་སྦྱོང་བརྡར་མཛད་སྒོ་ལ་ཞུགས་པ་རེད།
འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།