{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྨན་ཁང་གསར་འགྱུར། > ནང་དོན་གྱི་ངོས།

ངེད་སྨན་ཁང་གིས་དཔྱིད་གསར་བསུ་བའི་....

དུས་ཚོད།2015--03--06--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།
 

ངེད་སྨན་ཁང་གིས་དཔྱིད་གསར་བསུ་བའི་ལོ་སར་གྱི་རིག་རྩལ་འཁྲབ་སྟོན་བྱས།

        སྤྱི་ཟླ2པའི་ཚེས12ཉིན་གྱི་ཕྱི་དྲོ།ངེད་སྨན་ཁང་གིས་དཔྱིད་གསར་བསུ་བའི་ལོ་སར་གྱི་རིག་རྩལ་འཁྲབ་སྟོན་བྱས་ཏེ།ཐོག་རིམ་དགུ་བའི་གྲོས་ཚོགས་ཁང་དུ་ཚོན་མདངས་རྣམ་པར་བཀྲ་ཞིང་ཡིད་སེམས་སྤྲོ་དགའི་ཁེངས།སྨན་ཁང་གི་ལས་བཟོ་བ་ཡོངས་དང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་རྒན་རབས་པ་རྣམས་མཉམ་དུ་འཛོམས་ནས་ཤིང་མོ་ལུག་གི་ལོ་སར་བསུས།ཐེངས་འདིའི་འཁྲབ་སྟོན་ནི་སྨན་ཁང་གི་བཟོ་ཚོགས་ཀྱིས་རྩ་འཛུགས་བྱས་ཤིང་།སྨན་ཁང་གི་གཞི་རིམ་སྡེ་ཚན14དང་ལས་བྱེད་རྒན་གྲས་རྣམས་ཀྱིས་གྲ་སྒྲིག་གང་ལེགས་བྱས་ཏེ་ངེད་སྨན་ཁང་གི་རིག་གནས་དང་ལོ་གཅིག་གི་གཡུར་ཟའི་གྲུབ་འབྲས་ཕྱི་ལ་མངོན་ཏེ།ལས་བཟོ་རྣམས་ཀྱི་སྙིང་སྟོབས་དང་གཟི་ཉམས་མཚོན་པར་བྱས།རིག་རྩལ་གྱི་འཁྲབ་ཚན་མང་ལ་ཞབས་བྲོ་སོགས་ཀྱིས་མིག་དབང་འཕྲོག་ཅིང་།  སྙན་འཇེབས་ཀྱི་གླུ་དབྱངས་རྣ་བར་སིམ། སྐར་མ་སུམ་ཅུའི་རིང་གི་སྙན་ངག་གྱེར་འདོན༼མི་དམངས་ཉེན་རྟོག་པའི་གཟི་བརྗིད་༽ལས་ཡིད་སེམས་འགུལ་བའི་ཚིག་སྦྱོར་ལ་བརྟེན་ནས་མི་དམངས་ཉེན་རྟོག་པའི་ལྷད་མེད་ཀྱི་སྙིང་སྟོབས་ལ་གུས་འདུད་ཞུས།  ཞབས་བྲོ༼མཚོ་སྔོན་གྱི་ཕུགས་འདུན༽གྱིས་མཚོ་སྔོན་གྱི་མི་དམངས་རྣམས་འཚོ་བ་ལ་དགའ་བ་དང་། མདུན་བསྐྱོད་ཀྱི་སྤོབས་པས་ཁེངས་བའི་གཟི་ཉམས་ཕྱིར་མངོན།བཞད་གར༼ཨ་ཞང་༽ལས་ཟུར་ཟ་དང་གད་མོ་འཆོར་བའི་སྒྱུ་རྩལ་གྱི་རྣམ་པ་བཅས་འཁྲབ་ཚན22གྱིས་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་ནས་དགའ་བསུ་ཐོབ།

ཐེངས་འདིའི་བྱ་འགུལ་ནི་བཟོ་ཚོགས་ཀྱིས་རྩ་འཛུགས་ཚགས་དམ་པོ་བྱས་ཏེ།ངལ་གསོའི་དུས་ཚོད་སྤྱད་ནས་སྦྱོང་བརྡར་བྱས་ཤིང་ནན་ཏན་གྱིས་འཁྲབ་སྟོན་བྱས་པས་གྲུབ་འབྲས་ཕུལ་དུ་བྱུང་བ་བླངས་བ་མ་ཟད།སྨན་ཁང་གི་ལས་བཟོ་ཡོངས་ཀྱི་ལོ་གསར་བའི་ནང་གི་ཡིད་ཆེས་ཀྱིས་ཁེངས་པའི་སྙིང་སྟོབས་དང་སྨན་ཁང་འཕེལ་རྒྱས་ཀྱི་སྟོབས་ཤུགས་མཚོན་པར་བྱས་ཡོད།

 

འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།