{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྨན་ཁང་ངོ་སྤྲོད། > ནང་དོན་གྱི་ངོས།

ནད་ལུགས་ཚན་ཁག

དུས་ཚོད།2013--07--03--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།

 


ནད་ལུགས་ཚན་ཁག་ལ་ཆེད་ལས་ལག་རྩལ་མི་སྣ་8ཡོད་དེ།མཐོ་རིམ་ལས་མིང་2དང་།འབྲིང་རིམ་ལས་མིང་1དམའ་རིམ་ལས་མིང་3ལག་རྩལ་མི་སྣ་2བཅས་ཡིན།འདིའི་ནང་དུ་རྒྱལ་ཁབ་རིམ་པའི་དམིགས་བསལ་ཕོག་སྣོན་ལོངས་སུ་སྤྱོད་མཁན་ཆེད་མཁས་1དང་ཞིང་ཆེན་རིམ་པའི་དམིགས་བསལ་ཆེད་མཁས་1ཡོད།ཚན་ཁག་འདིའི་ལག་རྩལ་ཆུ་ཚད་མཐོ་ལ།ད་ལྟ་ནད་ཐོག་ནད་ལུགས་དང་ཁྲིམས་སྨན་ནད་ལུགས།ཞིབ་འཇུག་སོགས་འདུས་པའི་གཙོ་གནད་རིག་གཞུང་ཚན་ཁག་Aརིགས་ཡིན་པ་མ་ཟད།ཞིང་ཆེན་ཐུན་མིན་ཆེད་ལས་ཚན་ཁག་ལ་འདེམས་ཡོད། ནང་དུ་ཏེ་གོ་ལེ་ཁ་དངོས་མ་རྡོ་ལ་ལེབ་གཞོག་འཕྲུལ་ཆས་དང་།རང་འགུལ་ཕུང་གྲུབ་ཆུ་ཤོར་འཕྲུལ་ཆས།དར་ཆགས་ལེབ་གཞོག་འཕྲུལ་ཆས།AutocytePREPགཤེར་གཞི་སྲབ་རྒལ་ལེབ་བཟོ་མ་ལགLCTའཇར་པན་ཨོ་ལིན་པ་སི་ཕྲ་མཐོང་ཆེ་ཤེལ།མདོག་ལྡན་རི་མོ་ནད་ལུགས་དཔྱད་ཆས་མ་ལག་བཅས་སྔོན་ཐོན་སྒྲིག་ཆས་མང་ལ།འཕྲུལ་ཆས་འདི་དག་གིས་གསོན་གཟུགས་ཕུང་གྲུབ་བརྟག་དཔྱད་དང་ཕྲ་ཕུང་བུད་པའི་ངོས་བཟུང་།རོ་བརྟག་ནད་ལུགས་དང་ཁྲིམས་སྨན་རོ་བརྟགམངལ་འབྲས་ཚགས་བརྟག་སོགས་ནད་མི་ཉུང་བ་ངོས་བཟུང་ཐུབ།           ཉེ་སྔོན་ཞིང་ཆེན་ནང་སྔ་གཞུག་ཏུ་ཕོ་བའི་དོན་སྒོ་དུང་འཁྱིལ་སྲིན་ནད་བརྟག་དཔྱད་དང་སྦྲུམ་མའི་མངལ་སྐེའི་ཕྲ་ཕུང་ཆེན་པོའི་ནད་དུག་བརྟག་དཔྱད།མངལ་གནས་མངལ་ནང་དུ་བཙིར་བའི་བུ་རོགས་ནད་ལུགས་བརྟག་དཔྱད།དལ་གཤིས་ཕོ་ཚད་རྒྱུ་འགྱུར་དབྱིབས་དབྱེ།ཁྲག་གཤེར་ནང་འགོ་ཆུ་གྲུབ་ཆ་བཙལ་བ།གཤེར་གཞི་སྲབ་མོ་ལེབ་བཟོ་མ་ལག་གིས་མངལ་འབྲས་ཚགས་བརྟགསོགས་ཁ་བྱང་གསར་བ་དང་ལག་རྩལ་གསར་བ་མང་པོ་སྤེལ།ཚན་རིག་ཞིབ་འཇུག་ཁ་བྱང་གསུམ་ལས་མཐོ་སྒང་དར་མའི་སྐེའི་འཕར་རྩ་ལ་གཟུགས་ལྟ་རིག་པའི་ཞིབ་འཇུགཞེས་པ་ཁྲིམས་འཛིན་པུའུ་ཚན་རིག་ལག་རྩལ་འཕེལ་རྒྱས་ཀྱི་བྱ་དགའ་ཨང་གསུམ་པ་དང་ཁྲིམས་འཛིན་ཐེན་ཚན་རིག་ལག་རྩལ་འཕེལ་རྒྱས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་།པྲོག་དབྱིབས་འཕར་རྩའི་ནད་དཔེ་7159དང་འཕར་རྩའི་སྡོང་བོ་2044ཡི་འཇམ་འདྲའི་སྲ་འགྱུར་ནད་ལུགས་ཞིབ་གཤེར་ཞེས་པ་འཕྲོད་བསྟེན་པུའུ་ཚན་རིག་ལག་རྩལ་འབྲས་བུ་རིམ་པ་ཀ་བ་ཐོབ།མཐོ་སྒང་འཕྲལ་ཤི་རོ་བཀྲའི་ནད་དཔེ་286ཡི་ནད་ཐོག་ནད་ལུགས་ཞིབ་འཇུག་དབྱེ་ཞིབཞེས་པ་རྒྱལ་ནང་སྔོན་ཐོན་

བྱ་དགའ་ཐོབ།ཚན་ཁག་འདིས་ལག་རྩལ་སྔོན་ཐོན་དང་སྒྲིག་ཆས་སྔོན་ཐོན། ཞབས་ཞུ་སྔོན་ཐོན་ཡིས་རྒྱ་ཆེའི་མང་ཚོགས་ལ་ཞབས་ཞུ་གང་ལེགས་བསྒྲུབས་ཏེ་ནད་པའི་རེ་འདོད་དང་འདུན་པ་གང་འདོད་དུ་སྩོལ་བཞིན་མཆིས། འབྲེལ་གཏུགས་ཁ་པར།  0971-8252749རིག་གཞུང་ཚན་ཁག་གི་སྣེ་ཁྲིད་པ། ཐུའུ་ཏོ་ཐོན། སྨན་པ་འབུམ་རམས་པ། ཕོ་ཧྥུན་ཀྲུན། སྨན་པ་འབུམ་རམས་པ།  འབྲེལ་གཏུགས་ཁ་པར།  3589140

འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།