{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྨན་ཁང་ངོ་སྤྲོད། > ནང་དོན་གྱི་ངོས།

མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་བོད་སྨན་ཚན་ཁག

དུས་ཚོད།2013--07--03--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།

བོད་སྨན་ཚན་ཁག་འདིས་བོད་སྨན་གཙོ་བོར་བཟུང་ཏེ་རྩ་དང་ཆུ་ལ་བརྟག་ནས་ནད་གཞི་གསར་པོར་ངོས་འཛིན་བྱེད་ཐུབ་པ་མ་ཟད།ཕྱི་ལུགས་ཀྱི་ལུས་ཕུང་བརྟག་དཔྱད་ལས་སྙིང་དང་གློ་བ།མཆིན་པ་དང་མཁྲིས་བ།མཁལ་མ་དང་མཚེར་བ།ཕོ་བ་དང་རྒྱུ་མ།གཅིན་ལམ་དང་མོ་ནད།རུས་ཆག་སོགས་ལ་བརྟག་དཔྱད་ཆ་ཚང་བྱེད་ཐུབ་པ་དང་།ངོས་འཛིན་དཀའ་བའི་ནད་གཞི་ཡང་རྒྱལ་ནང་གི་སྔོན་ཐོན་འཕྲུལ་ཆས་སྤྱད་ནས་བརྟག་དཔྱད་ཡང་དག་བྱེད་ཐུབ་པ་ཡིན།ད་ལྟ་ཚན་ཁག་འདིར་རབ་འབྱམས་པའི་ཐོབ་ཐང་ཡོད་པའི་སྨན་པ་གསུམ་གྱིས་ངལ་གསོ་མེད་པར་དུས་རྒྱུན་དུ་ནད་ལ་བརྟག་བཅོས་བྱེད་བཞིན་ཡོད།ལྷག་པར་དུ་རོང་འབྲོག་ས་ཁུལ་ནས་ཡོང་པའི་རྒྱ་སྐད་དང་རྒྱ་ཡིག་མི་ཤེས་པའི་ནད་པ་རྣམས་ལ་སྟབས་བདེ་བཟོས་ཡོད་པས་རྒྱ་ཆེའི་མང་ཚོགས་རྣམས་བོད་སྨན་སྒོ་བསྟེན་ཁང་དུ་ཕེབས་པར་དགའ་བསུ་ཞུ།          

ཚན་ཁག་འདིས་ལག་རྩལ་ཆེས་མཐོ་བ་དང་།ཞབས་ཞུ་ཆེས་བཟང་བ།རིན་གོང་ཆེས་སླ་བའི་ཞབས་ཞུའི་ཁ་ཕྱོགས་སྤེལ་ནས་ནད་པའི་ཆེད་དུ་ཞིབ་ཚགས་ཅན་དང་།ཚད་ལྡན་ཅན།དངོས་ཐོག་ཅན་སོགས་ཀྱི་ཞབས་ཞུ་གསར་བ་ཞུ་བཞིན་ཡོད།

ཚན་ཁག་གི་ཁ་པར། 0971—8252608 དང 1899715799

           13897263381 དང 13639784926

           13897263381 དང 13639784926

 

 


འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།