{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྨན་ཁང་ངོ་སྤྲོད། > ནང་དོན་གྱི་ངོས།

མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་མཚམས་སྦྱོར་མདོར་བསྡུས།

དུས་ཚོད།2013--07--03--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།
 

མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་ནི་སྤྱི་ལོ་1956ལོའི་ཟླ་4པར་བཙུགས་པ་དང་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་ཞིག་ཡིན།འདིའི་ནང་དུ་མཚོ་སྔོན་ཞིང་ཆེན་བཙོན་ཁང་བདག་གཉེར་ལས་ཁུངས་ནད་གཞི་སྔོན་འགོག་ལྟེ་གནས་དང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་ཁྲིམས་འཛིན་དབྱེ་ཤན་ཁང་བཙུགས་ཡོད་ལ། འདི་ཉིད་ཞིང་ཆེན་ནང་ཁུལ་གྱི120མྱུར་སྐྱོབ་དྲ་རྒྱ་ས་ཚུགས་དང་། རྒྱལ་སྤྱིའི་འཕྲོད་བསྟེན་སྡེ་ཁོངས་ཛ་དྲག་རོགས་སྐྱོབ་ལྟེ་གནས་དྲ་རྒྱའི་སྨན་ཁང་ཡིན་པ་མ་ཟད།ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ལས་བཟོ་བའི་སྨན་བཅོས་འགན་ལེན་དང་། ཞིང་གྲོང་མཉམ་ལས་སྨན་བཅོས། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་སྨན་བཅོས་འགན་ལེན། ལས་བཟོ་བའི་ལས་རྨས་དང་བཙའ་སྐྱེས་འགན་ལེན་བཅས་ཀྱི་ལྟེ་གནས་སྨན་ཁང་ཡིན་ལ་མཚོ་སྔོན་ཞིང་ཆེན་གྱི་ཕྱོགས་བསྡུས་སྨན་ཁང་ཆེན་པོ་གསུམ་གྱི་ཡ་ཀྱལ་ཞིག་ཀྱང་ཡིན།

སྨན་ཁང་དུ་ནད་ཐོག་སྨན་བཅོས་དང་ལག་རྩལ་ཚན་ཁག་47ཡོད་ལ།   མྱུར་སྐྱོབ་ཚན་ཁག་གཅིག་དང་། ནད་ལྕི་གསོ་བཅོས་ཚན་ཁག་གམ་ཡང་ན་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་མྱུར་སྐྱོབ་ལྟེ་གནས་བཅས་བཙུགས་ཡོད།སྒྲིག་ཁོངས་ནད་ཁྲི་805ཡིན་ཡང་དོན་དངོས་སུ་ནད་ཁྲི་1005 བསྒྲིགས་ཡོད། སྨན་བཅོས་ཁང་པའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་དྲུག་ཟིན།ལས་བཟོ་བ་ཁྱོན་བསྡོམས་1025ཡོད་ལ།དེའི་ནང་དུ་ཆེད་ལས་ལག་རྩལ་མི་སྣ་852ཡོད་པ་དང་། མཐོ་རིམ་ཆེད་ལས་ལག་རྩལ་མི་སྣ་184དང་། ཞིང་ཆེན་རིམ་པའི་རིག་ཚན་སྣེ་ཁྲིད་པ་མི་6 ས་ཁུལ་གྱི་རིག་ཚན་སྣེ་ཁྲིད་པ་མི་12 རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོག་སྣོན་ཅན་མི2བཅས་ཡོད།

   སྨན་ཁང་གིས་རིག་གཞུང་ཚན་ཁག་འཛུགས་སྐྲུན་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། མོ་ནད་ཚན་ཁག་གི་ཕྱོགས་བསྡུས་ནུས་ཤུགས་ནི་མཚོ་སྔོན་ཞིང་ཆེན་དུ་གཞི་ཁྱོན་ཆེ་ཞིང་། ཐུན་མིན་གྱི་ཁྱད་ཆོས་ཡོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་ཐིང་གིས་མཚོ་སྔོན་ཞིང་ཆེན་ཐུན་མིན་ཚན་ཁག་དང་། མཚོ་སྔོན་ཞིང་ཆེན་མོ་ནད་ཚན་ཁག་ནད་གཞི་བརྟག་བཅོས་ལྟེ་གནས།མཚོ་སྔོན་ཞིང་ཆེན་རིག་གཞུང་ཚན་ཁག་གཙོ་བོ་སོགས་ཀྱི་མཚན་སྙན་གནང་།  དེ་ནི་ནད་ཁྲི་230ཅན་གྱི་ཆེད་ལས་ཚན་ཁག་ཆེན་པོ་ཞིག་ཡིན་ལ། མཚོ་སྔོན་ཞིང་ཆེན་ཕྱོགས་བསྡུས་སྨན་ཁང་ནང་ཆེས་ཆེ་བའི་ཆེད་ལས་ཚན་ཁག་ཞིག་དང་། ནུབ་བྱང་གི་ཞིང་ཆེན་ལྔའི་ཕྱོགས་བསྡུས་སྨན་ཁང་ཡོངས་ཀྱི་ཆེས་ཆེ་བའི་མོ་ནད་ཚན་ཁག་ཀྱང་ཡིན།

མྱུར་བཅོས་དང་ནད་གཞི་ལྕི་མོའི་ཚན་ཁག་གི་སྒྲིག་ཆས་ཆ་རྐྱེན་ནི་རྒྱལ་སྤྱིའི་འགྲོ་ལུགས་ལྟར་ཡག་ཤོས་ཀྱི་ཚད་ལ་སླེབས་པ་དང་། ནད་བཅོས་ཀྱི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད་ལ། ཤེས་ལྡན་མི་སྣའི་སྤུས་ཚད་དང་ལག་རྩལ་སོགས་ཞིང་ཆེན་ནང་གི་ཕྱོགས་བསྡུས་ནུས་ཤུགས་ཆེས་ཆེ་བའི་མྱུར་བཅོས་ལྟེ་གནས་ཉག་ཅིག་ཏུ་གྱུར་ཡོད།

 བརྟག་བཤེར་ཚན་ཁག་ནི་ཞིང་ཆེན་ནང་གི་སྒྲིག་ཆས་ཆེས་བཟང་ཤོས་ཡིན་ལ། ཤེས་ལྡན་མི་སྣའི་གྲུབ་ཚུལ་དང་རིག་ཚན་འཛུགས་སྐྲུན་སོགས་ཞིང་ཆེན་ནང་གི་ཡག་ཤོས་ཡིན་པས་ཞིང་ཆེན་འཕྲོད་བསྟེན་ཐིང་གིས་མཚོ་སྔོན་ཞིང་ཆེན་ནད་ཐོག་གསོ་རིག་བརྟག་བཤེར་ལྟེ་གནས་ཞེས་པའི་མིང་བཏགས། ནད་ལུགས་ཚན་ཁག་ནི་མིག་སྔར་ཞིང་ཆེན་ནང་བེམ་རོ་བརྟག་བཤེར་ཆེས་མང་བའི་ཆེད་ལས་ཚན་ཁག་ཅིག་ཡིན་ལ། ཞིང་ཆེན་འཕྲོད་བསྟེན་ཐིང་གིས་མཚོ་སྔོན་ཞིང་ཆེན་ཐུན་མིན་ཆེད་ལས་ཚན་ཁག་གི་མིང་གནང་།  ཀྲུང་ལུགས་གསོ་རིག་ཚན་ཁག་ནི་མཚོ་སྔོན་ཞིང་ཆེན་ཕྱོགས་བསྡུས་སྨན་ཁང་གི་གཅིན་སྙི་ཟ་ཁུ་ལ་ཀྲུང་ཕྱི་གསོ་རིག་ཟུང་འབྲེལ་གྱི་ཁྱད་ཆོས་ལྡན་པའི་ཀྲུང་ལུགས་ཚན་ཁག་ཆེས་ཆེ་བ་ཡིན། ནད་ཁྲི་96བསྒྲིགས་ཡོད།

ཐུན་མོང་ཕྱི་ནད་ཚན་ཁག་གིས་ཕྲ་རལ་གཤགས་བཅོས་མཉམ་འབྲེལ་དང་གསུས་ཁོག་མཐོང་ཤེལ་གཤགས་བཅོས་ཀྱི་ཁྱད་ཆོས་བཟུང་བས་ཞིང་ཆེན་ནང་གི་གསུས་ཁོག་མཐོང་ཤེལ་གཤགས་བཅོས་བཀོལ་ཚད་ཆེས་མང་བའི་ཆེད་ལས་ཚན་ཁག་ཏུ་གྱུར་ཡོད། སྦྲིད་བཟི་ཚན་ཁག་ནི་ཞིང་ཆེན་ནང་ཆ་རྐྱེན་ཆེས་བཟང་བ་དང་། ལག་རྩལ་ཆེས་མཐོ་བ། སྒྲིག་ཆས་ཆེས་བཟང་བ། ཕྱོགས་བསྡུས་ནུས་ཤུགས་ཆེས་ཆེ་བའི་ཚན་ཁག་ཅིག་ཡིན། དེ་བཞིན་འཇུ་བྱེད་ཚན་ཁག་དང་། མིག་ནད་ཚན་ཁག རུས་ནད་ཚན་ཁག དབང་ལྔའི་ཚན་ཁག་སོགས་ཀྱི་ལག་རྩལ་ཆུ་ཚད་ནི་ཞིང་ཆེན་ནང་གི་བཟང་ཤོས་གྲས་སུ་ཚུད་ཡོད།

2007ལོའི་ཟླ8པར། རྒྱལ་ནང་གི་སྔོན་ཐོན་གྲས་སུ་ཚུད་པའི་དེང་རབས་ཕྱི་ནད་ཚན་ཁག་གི་ཐོག་ཁང་དངོས་སུ་བཀོལ་སྤྱོད་བྱས་ལ། ཐོག་ཁང་འདིའི་རྒྱ་ཁྱོན་ལ་མྰི་གྲུ་བཞི་མ་ཁྲི་བཞི་ཡོད་ལ།ནད་ཁྲི་629ཡོད།རྒྱལ་སྤྱིའི་སྔོན་ཐོན་གཙང་ལས་གཤགས་བཅོས་ཁང16དང་། གཙང་ལས་ICUནད་ཁྲི16 གཙང་ལསNICUནད་ཁྲི14ཡོད། སྔོན་གྱི་ནད་སྡོད་ཐོག་ཁང་ནི་དེང་རབས་ཅན་དང་མི་གཤིས་ཅན་དུ་ལེགས་བཅོས་བྱས་རྗེས་ཁོང་ནད་ཚན་ཁག་གི་ཐོག་ཁང་བྱས་ཏེ་དངོས་སུ་བཀོལ་བཞིན་ཡོད་ལ་ནད་ཁྲི་342ཡོད།  ད་ལྟ་སྨན་ཁང་གི་ཆེད་ལས་ཡོངས་ལ་རང་ཉིད་ཀྱི་ནད་ཁུལ་ཡོད་ཅིང་སྨན་ཁང་ཡོངས་སུ་བསྡོམས་པས་ནད་ཁྲི་1005བསྒྲིགས་ཡོད།

   ནད་བརྟག་དཔྱད་ཆས་སྐོར་ལ་ཉིང་སྡུད་མཉམ་ཡོམ་བརྙན་གྲུབ་མ་ལག་དང་དུང་འཁྱིལ་དབྱིབས་ཅན་གྱི་CTཉིས་གཤིབ་ཅན་སོགས་དཔྱད་ཆས་ཆེན་པོ་460ལྷག་ཡོད།

   སྨན་ཁང་གིས་བློ་རྩེ་གཅིག་སྒྲིམ་གྱིས་ནད་པའི་དཀའ་ངལ་སེལ།།ལྷག་བསམ་རྣམ་དག་གིས་བདེ་ཐང་ཞིབ་རྩིས་བྱེདཅེས་པའི་ཞབས་ཞུའི་ཁ་ཕྱོགས་སྤེལ་ནས་ནད་པའི་ཆེད་དུ་ཞིབ་ཚགས་ཅན་དང་། ཚད་ལྡན་ཅན། དངོས་ཐོག་ཅན་སོགས་གྱི་ཞབས་ཞུ་གསར་བ་ཞུ་བཞིན་ཡོད།

 

སྡོད་གནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ལྷོ་ལམ་ཆེན་མོའི་སྒོ་རྟགས་ཨང་55པ།

མྱུར་སྐྱོབ་ཁ་པར། 0971-8233995 0971-8267001

ཁ་པར། 0971-8247545

དྲ་ཚིགས།  www.qhhsz.com  www.qhrch.com

 

གཙོ་སྒྲུབ་མཁན།  མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་རྩོམ་སྒྲིག་ཁང་ནས།

ཁ་པར། 0971-8267045

E-mail:zangli9559@yahoo.com.cn

སྦྲག་སྲིད་ཨང་གྲངས། 810000

འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།