{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྨན་བཅོས་མཛུབ་སྟོན། > ནང་དོན་གྱི་ངོས།

ཕྲུ་གུ་ཡུན་རིང་པོར་སྤྱོད་བདེའི་གཅིན་སྣོད་ཐོག་ཙོག་ཏུ་འཇུག་མི་རུང་།

དུས་ཚོད།2016--06--14--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།
 


ཟླ་འག་ནས་ལོ་གཉིས་ལྷག་ཙམ་གྱི་ཕྲུ་གུ་ཕལ་ཆེར་བས་རྣམ་འགྱུར་དང་ཚུགས་ཀ  ད་དུང་སྐད་ཆ་ལྡབ་ལྡིབ་རེ་གཉིས་ལ་བརྟེན་ནས་ཕ་མ་ལ་གཅིན་སྐྱག་ཡོད་པ་བཤད་ཐུབ། ཡིན་ཡང་ཕ་མ་མང་ཆེ་ཤོས་ཀྱིས་ཕྲུ་གུ་གཅིན་སྣོད་ཐོག་བཞག་སྟེ་གཅིན་སྐྱག་རང་ཉིད་ཀྱི་གཏོང་དུ་འཇུག་་ཡིན་པས། དེ་ནི་བྱེད་ཐབས་བཟང་པོ་ཞིག་མ་རེད། རྒྱུམཚན་ནི་ཕྲུ་གུའི་ལུས་པོ་ད་དུང་སྲ་ཆགས་མེད་ཅིང་དབང་བོ་སྒོ་ལྔའི་བྱེད་ནུས་ཡོངས་སུ་རྒྱས་མེད་ཐོག་རང་ལུས་རང་གིས་མི་ལྕོགས་པས། ཡུ་རིང་གཅིན་སྣོད་ཐོག་ཙོག་ཏུ་བཅུག་ན། ཕྲུ་གུས་ཤུགས་ཀྱིས་བཙིར་ཏེ་གསུས་ཁོག་ནང་གི་གནོན་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས་རྫི་ཤ་ལུག་སླ་བ་ཡིན། དེ་ལས་གཞན་ཕྲུ་གུའི་རུས་པ་མི་དར་མ་ལས་སྙི་ཞིང་བརྐྱང་བསྐུམ་གྱི་རང་བཞིན་ལྡན་པས། ཡུན་རིང་ལ་གཅིན་སྣོད་ཐོག་ཙོག་ན་སྒལ་ཚིགས་ཀྱི་འདེགས་ཚད་ཤིན་ཏུ་ ཇེ་ཆེར་འགྲོ་་དང་། ལྷག་པར་དུ་སྒལ་བ་སྒུར་བའི་ནད་ཡོད་པ་དང་ལུས་ལའཚོ་བཅུད་མི་འདངའི་ཕྲུ་གུ་དེ་དག་ནི་སྒལ་རུས་ལ་འཁྱོག་སྐྱོན་བྱུང་སླ་་ཡིན། དེའི་རྐྱེན་གྱིས་ཕ་མ་རྣམས་ཀྱིསཕྲུ་གུ་ཡུན་རིང་པོར་གཅིན་སྣོདཐོགཙོག་ཏུ་འཇུག་མི་རུང་ངོ་། །

འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།