མདུན་ངོས། དབུ་ཤོག > སྨན་བཅོས་མཛུབ་སྟོན། >
ནང་དོན་གྱི་ངོས།
མ་ཉལ་སྔོན་ཆུ་དྲོན་མོས་རྐང་བ་བཀྲུ་དགོས།
བོད་ཡིག་པར་ངོས།
ངག་རྒྱུན་དུ“གྲུམ་ནི་རྐང་ནད་ལས་འབྱུང་ལ།ནད་ནི་རྐང་བ་ལས་སློང་བ”ཞེས་པའི་
བཤད་སྲོལ་ཡོད།མིའི་རྐང་བ་གཉིས་ཀྱི་སྟེང་སྐྱེ་ལྡན་ཕུང་པོའི་རྩ་དཀར་ནག་དང་གསང་མིག་གལ་ཆེན་ཡོད་ཕྱིར།རྐང་བ་ནི་མི་ལུས་ཀྱི་རྩ་བ་ཡིན།ཚན་རིག་གིས་ཞིབ་འཇུག་བྱས་ཏེ་རྐང་མཐིལ་གྱི་ཁྲག་རྒྱུན་འཁོར་བྱེད་ཆུང་བར་མི་ལུས་ཀྱི་སྙིང་ཁམས་གཉིས་པའང་ཟེར།ཆུ་དྲོན་མོས་རྐང་བ་བཀྲུ་བ་དང་རྐང་མཐིལ་ལ་འཕུར་མཉེད་བྱས་ན།ཁྲག་རྒྱུན་འཁོར་བར་ཕན་པ་མ་ཟད།སྐྱེ་ལྡན་ཕུང་པོའི་དབང་རྩའི་ཟགས་ཐོན་སྙོམས་སྒྲིག་བྱས་ཏེ།གྲང་ནད་སོགས་འགོག་ཐུབ་པ་དང་གཉིད་ཁུག་པར་ཕན་པས།ངལ་དུབ་སེལ་ཐུབ་པ་རེད།དེར་བརྟེན།མི་རྣམས་ཀྱིས་མཐོ་སྒང་ས་ཁུལ་དུ་དགུན་ཁའི་དུས་ཚིགས་སུ་རྐང་བའི་དྲོད་སྲུང་བར་དེ་བས་ཀྱང་དོ་སྣང་བྱེད་དགོས།
འབྲེལ་ཡོད་རྩོམ་ཡིག
- ·རང་སྨན་ཁང་གི“5.12”རྒྱལ་སྤྱིའི་ནད་གཡོག་དུས་ཆེན་གཏོང་བ།(05.13)
- ·རང་སྨན་ཁང་གི་སྙན་ཚིག་ཀློག་འདོན་འགྲན་བསྡུར་བྱེད།(04.27)
- ·རང་སྨན་ཁང་གི་སྐྲན་ནད་འགོག་བཅོས་དྲིལ་བསྒྲགས་བྱེད།(04.27)
- ·རང་སྨན་ཁང་གི་ར་རྒྱ་གྲོང་རྡལ་སྨན་ཁང་ལ་གྲོས་མཐུན་ཡི་གེ་བཞག(04.01)
- ·རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་འཚམས་འདྲི་ཞུ་བ།(03.10)
- ·པུ་ལོན་ཏུའི་རྒྱལ་ཁབ་ལ་སྨན་བཅོས་རོགས་སྐྱོར་དུ་འགྲོ་བ།(03.10)
- ·གནམ་ལོ་གསར་ཚེས་ལ་འཚམས་འདྲི་ཞུ་བ།།(02.08)
- ·རང་སྨན་ཁང་གི་ལས་བཟོ་བ་མང་པོ་རིན་མེད་ཁྲག་འབུལ་ལ་ཞུགས།(02.08)
- ·རང་སྨན་ཁང་གི་ཡུལ་ཤུལ་ཁུལ་ལ་སྨན་བཅོས་རོགས་སྐྱོར་བྱེད།(01.19)
- ·སྨན་ལས་མི་སྣ་ཡུལ་ཤུལ་ནང་ཆེན་རྫོང་མི་དམངས་སྨན་ཁང་ཕྱིན།(01.19)
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།