དབུ་ཤོག
ད་ལྟའི་གནས།: དབུ་ཤོག > སྨན་ཁང་གསར་འགྱུར། > རྩོམ་དངོས་ཀློག་པ།

ང་ཚོའི་སྨན་ཁང་གིས་བཙུགས་པའི་སྨན་བཅོས་རུ་ཁག་ཡུས་ཧྲུའུ་གནོད་སྐྱོན་བྱུང་བའི་ས་ཁུལ་ལ་རོགས་སྐྱོབ་བྱེད་དུ་སོང་བ།

དུས་ཚོད།:2010年04月15日འབྱུང་ཁུངས།: སྨན་ཁང་རྩོམ་སྒྲིག་ཁང་། རྕོམ་པ་པོ།:qhrchbjb མནན་གནས།:ཐེངས།
སྨན་ཁང་རྩོམ་སྒྲིག་ཁང་།
 


  ཟླ་4བའི་ཚེས་14ཉིན་གྱི་སྔ་དྲོ་རང་ཞིང་གི་ཡུས་ཧྲུའུ་ཁུལ་ཡུས་ཧྲུའུ་རྫོང་ལ་རིམ་པ་7.1ཅན་གྱི་ས་འགུལ་གྱིས་གནོད་པ་ཐེབས། གནས་ཚུལ་འདི་ཐོས་རྗེས་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གིས་མྱུར་དུ་གནོད་འགོག་བྱ་བར་བཀོད་སྒྲིག་མཛད། དུས་ཚོད་ཐུང་ངུའི་ནང་ཀླད་པའི་ཕྱི་ནད་ཚན་ཁག་དང་བྲང་ནད། རུས་ནད་ཚན་ཁག་སོགས་ཚན་ཁག་འགའི་སྨན་བཅོས་མི་སྣ་12ཡི་གྲུབ་པའི་ས་འགུལ་གནོད་འགོག་གི་སྨན་བཅོས་རུ་ཁག་ཞིག་བཙུགས་པ་དང་། སྨན་བཅོས་མྱུར་སྐྱོབ་ལ་མཁོ་བའི་སྨན་རྫས་ཀྱི་རིན་གོང་སྒོར་ཁྲི་༣ལྷག་བཟུང་ཡོད། ཉིན་གུང་ཆུ་ཚོད་2དང་སྐར་མ་30སྟེང་ཡོན་ཀྲང་གཞོན་པ་ཀའོ་ཁྲང་ཅང་གིས་མགོ་ཁྲིད་དེ་ཡུས་ཧྲུའུ་ལ་བསྐྱོད་པའི་གནམ་གྲུར་བསྡད།དེ་དང་མཉམ་དུ་སྨན་ཁང་གིས་ཕྱི་ནད་ཚན་ཁག་གི་ཐོག་ཁང་ཆེན་མོའི་ནང་ནད་སྡོད་མལ་ཁྲི་བསྣན་ནས་ས་འགུལ་གནོད་སྐྱོན་བྱུང་བའི་ནད་པ་བསྡུ་བར་སྔ་མོ་ནས་གྲ་སྒྲིག་ལེགས་པོ་བྱས་ཡོད།
འདེགས།
()
%
བརྫིས།
()
%
------分隔线----------------------------
དཔྱད་གླེང་གསར་བ། དཔྱད་གླེང་ཚང་མར་ལྟ་བ།
དཔྱད་གླེང་སྤེལ་བ། དཔྱད་གླེང་ཚང་མར་ལྟ་བ།
འོས་སྦྱོར་ནང་དོན།