སྨན་ཁང་གིས་རྨས་མ་ནད་བཅོས་བྱ་བ་དང་ཆབས་ཅིག་རྨས་མ་དང་ཁྱིམ་མིའི་སེམས་ཁམས་ཀྱི་བདེ་སྡུག་ཡང་གཙུགས་ཆེན་དུ་བཟུང་ཡོད། ཟླ་༤བའི་ཚེས་༡༩ཉིན་གྱི་ཕྱི་དྲོ་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་མངགས་པའི་སེམས་ཁམས་ཆེད་མཁས་པ་ཧན་པའོ་དང་བང་ཀྲེ་གཉིས་ཀྱིས་སེམས་ཁམས་གསོ་ཐབས་ཕྱོགས་ཀྱི་གསོ་སྦྱོང་མཛད། ཐེངས་འདིའི་གསོ་སྦྱོང་ལ་ཚན་ཁག་སོ་སོའི་སྨན་དོན་མི་སྣ་རྣམས་ཞུགས་ཡོད་པ་མ་ཟད། དང་བླངས་མི་སྣ་༦༠ལྷག་ཞུགས། གསོ་སྦྱོང་བྱས་པ་ནས་བཟུང་ནད་ཁུལ་གྱི་རྨས་མ་ལ་སེམས་ཁམས་གསོ་བའི་བྱ་བ་དངོས་སུ་མགོ་བརྩམས། 

