
ས་འགུལ་གནོད་ཁུལ་གྱི་རྨས་མ་ངེད་སྨན་ཁང་ལ་ཉར་བ་ནས་བཟུང་། ཚན་ཁག་སོ་སོས་ནད་གཡོག་རྩ་འཛུགས་བྱས་ཏེ་ཆེད་དུ་རྨས་མའི་འཚོ་བར་ལྟ་ལྟོག་གནང་བ་དང་། ཁོ་མོ་ཚོས་རྨས་མའི་ལུས་ཕུང་བཀྲུ་བ། སེན་མོ་འབྲེག་པ། ཟ་མ་བསྐྱལ་བ་སོགས་འཚོ་བའི་ཕྱོགས་ལ་ལྟ་ལྟོག་ཟབ་མོ་གནང་སྟེ་སྨན་དོན་མི་སྣའི་བརྩེ་མདངས་དང་བྱམས་བརྩེ་ཉམས་སུ་མྱོང་ཐུབ་པ་བྱས།
