དབུ་ཤོག
ད་ལྟའི་གནས།: དབུ་ཤོག > སྨན་ཁང་གསར་འགྱུར། > རྩོམ་དངོས་ཀློག་པ།

ངེད་སྨན་ཁང་གི་ལས་བཟོ་བས་ས་འགུལ་གནོད་ཐེབས་ལ་ཞལ་འདེབས་བསྡུ་བའི་བྱེད་སྒོ་སྤེལ་བ།

དུས་ཚོད།:2010年04月16日འབྱུང་ཁུངས།: སྨན་ཁང་རྩོམ་སྒྲིག་ཁང་། རྕོམ་པ་པོ།:qhrchbjb མནན་གནས།:ཐེངས།
སྨན་ཁང་རྩོམ་སྒྲིག་ཁང་།
 


དེ་རིང་སྔ་དྲོ་ཆུ་ཚོད་༡༡སྟེང་ངེད་སྨན་ཁང་གིས་ཁོང་ནད་ཚན་ཁག་གི་ཐོག་ཁང་ཆེན་མོའི་མདུན་དུ་ལས་བཟོ་བ་༡༠༠ལྷག་བསྡུས་ནས་ཡུལ་ཤུལ་གྱི་ས་འགུལ་གནོད་ཐེབས་ལ་ཞལ་འདེབས་བསྡུ་བའི་བྱེད་སྒོ་སྤེལ། ཡོན་ཀྲང་ཀྲང་ཅན་ཆིན་གྱིས་སྐུལ་སློང་གཏམ་བཤད་གནང་།ཁོང་གིས་བཤད་རྒྱུར།རང་ཞིང་ཡུལ་ཤུལ་རྫོང་ལ་ས་འགུལ་གྱི་གནོད་པ་ཚབས་ཆེན་ཐེབས་ཤིང་།ང་ཚོའི་གྲངས་ཉུང་མི་རིགས་སྤུན་ཟླའི་ཚེ་སྲོག་ལ་སྡུག་བསྔལ་འབྱུང་བཞིན་པའི་སྒང་ཡིན་པས་ང་ཚོ་སྨན་བཅོས་མི་སྣ་ལ་མཚོན་ན་རང་ཉིད་ཀྱི་རིན་ཐང་མངོན་པའི་དུས་ཡིན།བདག་གི་རེ་བ་ནི་ཚང་མས་རོགས་རམ་གྱི་ལག་གདང་སྦྲེལ་ནས་ས་འགུལ་གནོད་ཐེབས་ལ་བརྩེ་སེམས་འབུལ་རྒྱུ་དེ་ཡིན་ཞེས་བཤད།

དེ་རྗེས་ཞལ་འདེབས་བསྡུ་འགོ་དངོས་སུ་བརྩམས་ཤིང་། ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས་ཁྱོད་ཀྱིས་ལྔ་བཅུ། ངས་བརྒྱ། ཁོང་གིས་ཉིས་བརྒྱ། དེ་ལྟར་དངོས་ཡུལ་གྱི་རྣམ་པ་ཧ་ཅང་འཁྲུགས་པོ་བྱུང་།སྨན་ཁང་གི་ལས་བཟོ་བ་ཚོས་སྣ་དྲངས་ནས་དེར་ཡོད་ཀྱི་མང་ཚོགས་སྐོར་ཞིག་ཀྱང་ཞལ་འདེབས་འབུལ་བར་ཞུགས་ཤིང་ཞལ་འདེབས་འབུལ་བའི་ལས་འགུལ་གྱི་རྩེ་མོར་སླེབས།
     ཐོག་མའི་སྡོམ་རྩིས་ལྟར་ན་ཐེངས་འདིའི་ཞལ་འདེབས་ལ་སྒོར་ཁྲི་གསུམ་ལྷག་འདུས།   
  

 
འདེགས།
()
%
བརྫིས།
()
%
------分隔线----------------------------
དཔྱད་གླེང་གསར་བ། དཔྱད་གླེང་ཚང་མར་ལྟ་བ།
དཔྱད་གླེང་སྤེལ་བ། དཔྱད་གླེང་ཚང་མར་ལྟ་བ།
འོས་སྦྱོར་ནང་དོན།