དབུ་ཤོག
ད་ལྟའི་གནས།: དབུ་ཤོག > ཚན་ཁག་ངོ་སྤྲོད། > རྩོམ་དངོས་ཀློག་པ།

མོ་ནད་ཚན་ཁག་ངོ་སྤྲོད།

དུས་ཚོད།:2009年11月23日འབྱུང་ཁུངས།:མོ་ནད་ཚན་ཁག་ངོ་སྤྲོད། རྕོམ་པ་པོ།:qhrchbjb མནན་གནས།:ཐེངས།
མོ་ནད་ཚན་ཁག་ངོ་སྤྲོད།
 

 


མོ་ནད་ཚན་ཁག་ནི་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་རིག་གཞུང་ཚན་ཁག་རིགསAདང་  ཞིང་ཆེན་ནང་ལག་རྩལ་ཆེས་མཐོ་བའི་མོ་ནད་ཚན་ཁག་ཡིན། འདི་ནི་རྒྱལ་ཁབ་རིམ་པའི་ཆེད་མཁས་དང་། མཚོ་སྔོན་ཞིང་ཆེན་དབུ་བཞུགས་ཆེད་མཁས། མཚོ་སྔོན་ཞིང་ཆེན་མོ་ནད་ཚན་ཁག་རིག་ཚན་སྣེ་ཁྲིད་པ་སྨན་པ་འབུམ་རམས་པ་ཀྲང་ཅན་ཆིན་གྱིས་སྣེ་ཁྲིད་པའི་སྨན་བཅོས་དང་ཚན་རིག་ཞིབ་འཇུག  སློབ་གསོ་སོགས་སྦྲེལ་བའི་སྨན་ཁང་གི་གཙོ་གནད་ཚན་ཁག་ཡིན། ཞིང་ཆེན་འཕྲོད་བསྟེན་ཐིང་གིས2000ལོར མཚོ་སྔོན་ཞིང་ཆེན་གཙོ་གནད་ཚན་ཁགདང་། 2002ལོར་མཚོ་སྔོན་ཞིང་ཆེན་སྐད་གྲགས་ཚན་ཁགཏུ་འདེམས། 2004ལོར་ཀྲུང་གོ་དེང་རབས་སྨན་པ་གྲགས་ཅན་སྨན་ཁང་གྲགས་ཅན་དྲ་བ་དང་ཀྲུང་གོ་འཕྲོད་བསྟེན་ཐོན་ལས་དུས་དེབཀྱིས་རྒྱལ་ཡོངས་བཅུ་བཟང་སྨན་ཁང་གི་ཐུན་མིན་ཚན་ཁག་ཏུ་འདེམས། འདི་ནི་ནུབ་བྱང་ས་ཁུལ་དུ་ཐོག་མར་འདམ་པའི་མོ་ནད་ཚན་ཁག་གཅིག་པུ་ཡིན། ལོ་འདི་འགའི་རིང་རིག་གཞུང་ཚན་ཁག་གི་འཕེལ་རྒྱས་རིམ་བཞིན་ཚད་ལྡན་ཅན་དུ་འགྱུར་བ་དང་། ཕྱོགས་བསྡུས་ནུས་ཤུགས་ནི་མཚོ་སྔོན་ཞིང་ཆེན་སྨན་ཁང་ཆེན་མོ་སོ་སོའི་སྔོན་གྲལ་དུ་ཚུད་པ། ལག་རྩལ་ནུས་ཤུགས་མཐོ་ལ། སྨན་བཅོས་སྒྲིག་ཆས་སྔོན་ཐོན་ཡིན།  རིག་གཞུང་ཚན་ཁག་གི་སྣེ་ཁྲིད་པ་ཀྲང་ཅན་ཆིན་གྱིས་ད་ལྟ་མཚོ་སྔོན་ཞིང་ཆེན་གསོ་རིག་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། མཚོ་སྔོན་ཞིང་ཆེན་གསོ་རིག་ཚོགས་པའི་ཡ་ཀྱལ་མོ་ནད་རིག་གཞུང་ཚོགས་པའི་ཀྲུའུ་རིན་ཨུ་ཡོན། མཚོ་སྔོན་ཞིང་ཆེན་འཆར་ལྡན་བུ་སྐྱེས་ཆེད་མཁས་མཛུབ་སྟོན་ཨུ་ཡོན་ཚོགས་པའི་ཀྲུའུ་རིན་ཨུ་ཡོན་དང། མཚོ་སྔོན་སློབ་གྲྭ་ཆེན་མོ་གསོ་རིག་སློབ་གླིང་གི་གདན་ཞུས་དགེ་རྒན་ཆེན་མོ་དང་རབ་འབྱམས་ཞིབ་འཇུག་སློབ་མའི་འཛུབ་སྟོན་དགེ་རྒན་སོགས་ཡིན། 

  ནད་བརྟག་ཆ་རྐྱེན།

  མོ་ནད་ཚན་ཁག་ལ་ནད་ཁྲི་116ཡོད་པ་དང་། ནད་ཁང་ཆེ་ལ་གྲལ་དག་པ། ནད་ཁང་རེ་ལ་གསང་སྤྱོད་དང་ཁྲུས་ཁང་རེ་ཡོད།  དེལའང་མོ་ནད་ཚན་ཁག་སྤྱིར་བཏང་དང་། མོ་ནད་སྐྲན་ནད་ཚན་ཁག  མོ་ནད་ཁོག་ཤེལ་ཚན་ཁག བྱིས་པའི་མོ་ནད་ཚན་ཁག བུ་སྣོད་ནང་སྐྱི་གནས་སྤོ་ནད། མངལ་མི་ལེན་པའི་ནད། མོ་ནད་ཟགས་ཐོན་ཚན་ཁག  ཟླ་མཚན་ནད་སོགས་སྒོ་བསྟེན་ཚན་ཁག་མང་པོ་བགོས་ཡོད་པས་རྒྱ་ཆེའི་བུད་མེད་རྣམས་ལ་བདེ་ཐང་བསྐྲུན་བཞིན་ཡོད།

  མོ་ནད་ཚན་ཁག་གི་ཁྱད་ཆོས།

  མོ་ནད་ནད་ཐོག་གི་གསོ་བཅོས་ཆུ་ཚད་ཞིང་ཆེན་ནང་མཐོ་ཤས་ཡིན། ཁྱད་པར་དུ་ཚབས་ཆེའི་ནད་མྱུར་བཅོས་ཕྱོགས་ལ་ཉམས་མྱོང་ཕུན་ཚོགས་ལྡན་པ་དང་། མོ་ནད་སྐྲན་ནད་རྙིང་བའི་རིགས་ལ་ཁྱད་པར་གྱི་གསོ་ཐབས་ལྡན། གཞན་རྒྱུན་བཀོལ་གཤགས་བཅོས་ལ་མུ་མཐུད་དུ་ལེགས་བཅོས་དང་གསར་བཅོས་བྱས་ཏེ་ལག་རྩལ་མཐོ་བའི་གཤགས་བཅོས་ མང་པོ་བྱས། དཔེར་ན། མངལ་སྐེའི་ཆུ་བ་སྡོམ་མིན་བུ་སྣོད་གཅོད་འབྱིན་གཤགས་ཐབས། རྒྱུས་སྐྱི་ནང་གི་བུ་སྣོད་གཅོད་འབྱིན་གཤགས་ཐབས། གསུས་སྐྱི་ཕྱིའི་མངལ་སྐེའི་འབྲས་རྩད་བྱིན་གཤགས་ཐབས་དང་གསུས་ཁོག་རྨེན་བུ་གཙང་གཤགས་ཐབས་སོགས་གཤགས་ཐབས་མང་པོ་རྒྱལ་ནང་གི་སྔོན་ཐོན་གྲས་སུ་ཚད་ཡོད། ཉེ་བའི་ལོ་འདི་འགའི་རིང་ཁོག་ཤེལ་གཤགས་ཐབས་བཀོལ་བས་རྨ་ཁ་ཆུང་ལ། ཁྲག་ཤོར་ཉུང་བ། ནད་པའི་སྡུག་བསྔལ་ཆུང་བ། གཤགས་རྗེས་སོས་མགྱོགས་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་ད་ལྟ་མུ་མཐུད་དུ་སྲོལ་རྒྱུན་གཤགས་ཐབས་མང་ཆེ་བའི་ཚབ་བྱེད་བཞིན་ཡོད། འདིའི་ཕྱོགས་ལ་ཚན་ཁག་འདི་ཞིང་ཆེན་ཡོངས་ཀྱི་སྔོན་གྲས་སུ་ཚུད་ཡོད། དུས་ད་ལྟའི་བར་གསུས་ཁོག་ཤེལ་དང་མངལ་ཁོག་ཤེལ་གྱི་གཤགས་བཅོས་4000ལྷག་བྱས། གསུས་ཁོག་ཤེལ་གྱི་གཞོགས་འདེགས་འོག་བུ་སྣོད་གཅོད་འབྱིན་གཤགས་ཐབས་དང་། གསུས་ཁོག་ཤེལ་གྱི་འོག་བུ་སྣོད་གཅོད་འབྱིན་གཤགས་ཐབས། བུ་སྣོད་ཤ་སྐྲན་གཅོད་འབྱིན་གཤགས་ཐབས། བསམ་སེའུ་གཅོད་འབྱིན་ཐབས། བསམ་སེའུ་ཐུམ་སྐྲངས་གཅོད་འབྱིན་ཐབས། བུ་སྣོད་ནང་སྐྱི་གནས་སྤོ་ནད་ཚང་གཅོད་འབྱིན་གཤགས་ཐབས། ཁམས་འདྲེན་སྦུ་གུ་མངལ་ཆགས་གཅོད་འབྱིན་གཤགས་ཐབས། ཁམས་འདྲེན་སྦུ་གུ་གདུགས་གས་ཁ་བཟོ་ཐབས། ཁམས་འདྲེན་སྦུ་གུ་ཡང་བསྐྱར་མཐུད་གཏོང་ཐབས། ཚང་མདུན་དབང་རྩ་གཅོད་འབྱིན་ཐབས། ཚང་ཁོག་འབྱར་བ་ལྷོད་གཏོང་ཐབས་དང་མངལ་ཁོག་ཤེལ་གྱི་འོག་བུ་སྣོད་ཤ་སྐྲན་གཅོད་འབྱིན་ཐབས། བུ་སྣོད་ནང་སྐྱི་གཅོད་འབྱིན་ཐབས། ཤ་ལུ་གཅོད་འབྱིན་ཐབས། འབྱར་བ་དབྱེ་བའི་ཐབས། བུ་སྣོད་ཡ་མ་གཟུགས་ཡོ་བསྲང་ཐབས་སོགས་མོ་ནད་ཚན་ཁག་གི་གཤགས་ཐབས་ཕལ་ཆེར་བཀོལ་བཞིན་ཡོད། གཤགས་བཅོས་ཀྱི་ཁྱབ་ཁོངས་ནི་བུ་སྣོད་ཤ་སྐྲན་དང་། བསམ་སེའུ་སྐྲན་དཀར། བུ་སྣོད་ནང་སྐྱིའི་གནས་སྤོ་ནད། ཐུམ་མང་བསམ་སེའུ། ཚང་ཁོག་ཚད་ནད་དང་ཚང་ཁོག་འབྱར་བ། བུ་སྣོད་ནང་སྐྱི་ནད་འགྱུར། མངལ་མི་ལེན་པ། དལ་གཤིས་ཚང་ཁོག་ན་བ་སོགས་རྒྱུན་ལྡན་མོ་ནད་རིགས་ཐམས་ཅད། དེ་ལས་གཞན་ཞིང་ཆེན་ནང་ཐོག་མར་TVTདཔྱངས་འདོགས་ཐབས་ཀྱིས་རྐྱོང་ཤུགས་རང་བཞིན་གྱི་གཅིན་ཤོར་གསོ་བ་སོགས་ལ་ནད་ཐོག་གི་འབྲས་བུ་ལེགས་པོ་ཐོབ།

སྨན་བཅོས་སྒྲིག་ཆས།

སྨན་བཅོས་སྒྲིག་ཆས་ཐད་ལ་ནང་འདྲེན་བྱས་པའི་རྒྱལ་ནང་གི་སྔོན་ཐོན་ཡོ་ཆས་གསུས་ཁོག་ཤེལ་མཐོང་ཆ་གསུམ་དང་མངལ་ཁོག་ཤེལ་མཐོང་ཆ་དྲུག སྣེ་མང་གློག་འགུལ་གྱི་མོ་ནད་བརྟག་དཔྱད་མལ་ཁྲི། དལ་གཤིས་ཚང་ཁོག་ཚད་ནད་གསོ་བཅོས་གཞོགས་འདེགས་ཡོ་ཆས། རང་དགག་གྲི་འཕེན་ཟློས་གསོ་བཅོས་སོགས་ཡོད་པ་མ་ཟད། ཞིང་ཆེན་ནང་སྔོན་ཐོན་གྱི་མོ་ནད་མྱུར་བཅོས་ཁང་བཙུགས་ཡོད། དེའི་ནང་མོ་ནད་བརྟག་དཔྱད་དང་ལྟ་སྐྱོང་། མྱུར་བཅོས་དང་གསོ་བཅོས་སོགས་ཀྱི་སྒྲིག་ཆས་ཆ་ཚང་ཡོད

ལག་རྩལ་མི་སྣ།

  ཚན་ཁག་འདིའི་རིག་གཞུང་ཚན་ཁག་གི་དཔུང་སྡེ་གཏོས་ཆེ་ཞིང་ སྨན་པ་འབུམ་རམས་པ་2དང་། སྨན་པ་འབུམ་རམས་གཞོན་པ6ཡོད། དེ་དག་གི་ལག་རྩལ་ནུས་ཤུགས་མཐོ་ལ།  ནད་ཐོག་ལག་ལེན་ཉམས་མྱོང་ཕུན་སུམ་ཚོགས་པ། ལས་ཆོད་སྤུས་ཚད་མཐོ་བ་ཡིན།

ལག་རྩལ་དམིགས་བསལ།

   ཉེ་བའི་ལོ་འགའི་རིང་མོ་ནད་ཚན་ཁག་ཏུ་སྔོན་ཐོན་སྒྲིག་ཆས་མང་པོ་ནང་འདྲེན་བྱས་ལ། གསུས་ཁོག་ཤེལ་དང་མངལ་ཁོག་ཤེལ་གྱིས་གོང་བཤད་ནད་མི་ཉུང་བ་གསོ་ཐུབ་པ་མ་ཟད། འདི་གཉིས་མཉམ་འབྲེལ་གྱིས་མངལ་མི་ལེན་པ་གསོ་བར་ཕན་ནུས་ཆེན་པོ་ལྡན་པས་ཡང་བསྐྱར་མངལ་ལེན་པའི་ཚད་50%བརྒལ་ཐུབ། རང་དགག་གྲི་འཕེན་ཟློས་གསོ་བཅོས་ཡོ་ཆས་ཀྱིས་བྱེད་ལས་རང་བཞིན་གྱི་བུ་སྣོད་ཁྲག་ཤོར་དང་། ལི་རྨིད་ལྔ་ལས་ཆུང་བའི་བུ་སྣོད་འབྱར་སྐྱི་འོག་གི་ཤ་སྐྲན་གཉིས་ཞི་བར་བྱེད་ཐུབ་པས་བུ་སྣོད་ཧྲིལ་བོར་གནས་ཐུབ་པར་ཆ་རྐྱེན་བསྐྲུན།

ཞབས་ཞུའི་ཁས་ལེན།

ང་ཚོའི་ཆེས་ཐུང་བའི་དུས་ཚོད་ནང་ཆེས་ཉུང་བའི་འགྲོ་སྒོ་ཡིས་རྒྱ་ཆེའི་བུད་མེད་ལ་ལུས་སེམས་བདེ་ཐང་དང་འཚོ་བའི་སྤྲོ་སྣངསྟེར། ང་ཚོའི་འདུ་ཤེས་ནི་ཡོད་ཚད་ཁྱེད་ཀྱི་བདེ་ཐང་དང་འདོད་བློའི་ཆེད་ཡིན།

 

 

འདེགས།
()
%
བརྫིས།
()
%
------分隔线----------------------------
དཔྱད་གླེང་གསར་བ། དཔྱད་གླེང་ཚང་མར་ལྟ་བ།
དཔྱད་གླེང་སྤེལ་བ། དཔྱད་གླེང་ཚང་མར་ལྟ་བ།
འོས་སྦྱོར་ནང་དོན།