གཅིན་པ་མངར་འགྱུར་གྱི་ནད་པས་མིག་དབང་བརྟག་དཔྱད་ལ་ངོས་འཛིན་གསལ་བོ་མེད་པ།
གཅིན་པ་མངར་འགྱུར་གྱི་ནད་པས་མིག་དབང་བརྟག་དཔྱད་ལ་ངོས་འཛིན་གསལ་བོ་མེད་པ།
གཅིན་པ་མངར་འགྱུར་བྱུང་བའི་ནད་པ་མང་ཆེ་བ་སྒོ་བསྟེན་བརྟག་དཔྱད་བྱེད་སྐབས་མིག་དབང་བརྟག་དཔྱད་བྱེད་མི་འདོད་པ་རེད། རྒྱུ་མཚན་ནི་ལོ་རྒས་པས། བརྟག་དཔྱད་བྱེད་རྗེས་མིག་མི་བདེ་ཞིང་གསལ་བོ་མི་མཐོང་པ། སོང་ན་རྐང་པ་གཏན་པོ་མིན་པ། ལྷག་པར་དུ་མིག་འོད་ཉམས་འགྲོ་བར་སེམས་མི་བདེ་བ་རེད། དོན་དངོས་ནས་བཤད་ན་མིག་དབང་བརྟག་དཔྱད་ནི་ཧ་ཅང་བདེ་འཇགས་ཡིན་པ་དང་། དེ་ལྟ་བུའི་སེམས་ཁུར་བྱེད་པའང་ལྷག་མ་ཡིན་ལ། གློ་བུར་ཟུར་མིག་ཅན་གྱི་འོད་མདངས་ཉམས་པའི་ནད་བྱུང་བའི་གོ་སྐབས་ཡང་ཤིན་ཏུ་ཉག་ཕྲ་བ་རེད། མིག་འོད་ཉམས་པའི་ནད་དྲག་ཏུ་ལྡིང་བའི་དབང་དུ་བཏང་ན་ཡང། དེ་མ་ཐག་མིག་དབང་སྡུད་པའམ་མིག་སྨན་བཀོལ་ན་སླར་སེལ་ཐུབ་པ་ཡིན། མིག་ཤེས་བརྟག་དཔྱད་བྱེད་པའི་ནད་པའི་བརྒྱ་ཆའི ༩༨ ཡན་ལ་གནས་སྐབས་ཙམ་དུ་མིག་མི་བདེ་བའི་སྣང་ཚུལ་བྱུང་ནའང་། དེ་ནི་ཧ་ཅང་རྒྱུན་ལྡན་ཡིན་ལ་མིག་དབང་སླར་གསོ་བྱུང་རྗེས་དེ་དག་རང་བཞིན་གྱིས་མེད་པར་འགྱུར་སྲིད་དོ ། །
------分隔线----------------------------