{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > བདེ་ཐང་བརྟག་དཔྱད། > ནང་དོན་གྱི་ངོས།

མཚོ་སྔོན་རྒྱ་གྲམ་དམར་པོ་དྱིས་པའི་ཕྱི་ནད་ཚན་ཁག་གིས་ལྷན་...

དུས་ཚོད།2014--05--16--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།
 སྒལ་ཚིགས་གཞོགས་གུག་ནི་བྱིས་པ་དང་ན་གཞོན་གྱི་ལུས་སེམས་བདེ་ཐང་ལ་གནོད་པའི་ནད་གཞི་ཞིག་ཡིན་ལ། དེའི་ནད་པའི་ངལ་རྩོལ་དང་སྐྱེས་གཟུགས་ལ་གནོད་པར་མ་ཟད། ཚབས་ཆེ་བར་ཡ་མ་གཟུགས་དང་གློ་སྙིང་གི་བྱེད་ནུས་ལ་དགྲ་བྱེད་ལ། ཐ་ན་གཞོགས་བཤལ་དང་ནད་པའི་འཚོ་བའི་ཆུ་ཚད་ལའང་ཤུགས་རྐྱེན་ཐེབས་སྲིད། རྒྱ་གྲམ་དམར་པོ་སྨན་ཁང་བྱིས་པའི་ཕྱི་ནད་ཚན་ཁག་གིས་2014ལོའི་ཟླ་1ཚེས་14ཉིན་ཐོག་དང་པོར་སྒལ་ཚིགས་གཞོགས་གུག་གི་བྱིས་པ་གཉིས་ལ་གཤག་བཅོས་བྱས་པ་ཡིན། གཤག་བཅོས་དམིགས་ཡུལ་ནི་སྒལ་རིས་དྲང་པོར་གཏོང་བ་དང་། གློ་སྙིང་གི་བྱེད་ནུས་སླར་གསོ་བྱེད་རྒྱུ་དེ་ཡིན་ལ།   གཤག་བཅོས་ཀྱི་རྨ་ཁ་ཅུང་ཆེ་བའི་རྐྱེན་འདུས་ནད་འབྱུང་སླ་བས་གཤག་བཅོས་སྔ་གཞུག་གི་བདག་སྐྱོང་ཤིན་ཏུ་གལ་ཆེ། གཤག་བཅོས་མ་བྱས་སྔོན་ནད་པའི་སེམས་ཁམས་གསོ་བཅོས་དང་དབུག་འབྱིན་རྔུབ་སྦྱོང་བརྡར་བྱེད་དགོས།  གཤག་བཅོས་བྱས་རྗེས་ནད་པའི་ནད་བབ་དང་རྒྱུངས་པའི་དབང་རྩའི་བྱེད་ནུས་སོགས་ལ་བལྟ་ཞིབ་ནན་མོ་བྱེད་དགོས་ལ། ལུས་ཁམས་གསོ་སྐྱོང་ཡག་པོ་བྱེད་དགོས།  དུས་ལྟར་ལུས་པོ་ཁ་ལོ་འཁོར་བ་དང་སྦྱོང་བརྡར་སོགས་བྱས་ནས་འདུས་ནད་འབྱུང་བ་ལ་སྔོན་འགོག་བྱེད་དགོས་པ་མ་ཟད་ནད་པའི་ལུས་ཕོངས་སྦྱོང་བརྡར་ལའང་འཛུབ་སྟོན་དང་ནད་སྐྱོངས་གང་ལེགས་བྱེད་དགོས། ནད་གཡོག་པས་ལྟ་ཞིབ་དང་གསོ་སྐྱོང་འོག་ད་ལྟ་བྱིས་པ་གཉིས་ཀྱི་ནད་བབས་བདེ་བར་ཕྱིན་ཡོད་ལ།  བྱེད་ནུས་སླར་གསོ་བྱེད་་བཞིན་པའི་སྒང་ཡིན། 
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།