{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > བདེ་ཐང་བརྟག་དཔྱད། > ནང་དོན་གྱི་ངོས།

གསུས་ཁོག་གཤག་བཅོས་ཀྱི་རྗེས་སུ་ཁ་ཟས་ལ་ཉན་འཇོག་བྱ་རྒྱུ།

དུས་ཚོད།2013--07--04--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།
 གསུས་ཁོག་གཤག་བཅོས་བྱས་རྗེས། ང་ཚོས་ངེས་པར་དུ་ཁོ་ཚོ་ལ་ཁ་ཟས་སུ་སྦོས་པའིརིགས་ཅན་མང་པོ་མི་བསྟེན་པར་གདམ་དགོས་པ་ཡིན། རྒྱུ་མཚན་ནི་ཟས་རིགས་དེའི་སྐོར་འཇུ་བའི་སྐབས་སུ་དབུགས་མང་པོ་ཐོན་ཏེ་གསུས་ཁོག་སྦོས་ཤིང་བསྐྲངས་པསཚབས་ཆེ་ན་ནད་པའི་རྨ་ཁ་སོས་པ་ལའངགནོད་པས་རེད། དེས་ན་ཟས་རིགས་གང་དག་ནི་སྦོས་ཤིང་དབུགས་མང་བ་ཡིན་ཞེན། འཚོ་བཅུད་རིག་པའི་སྟེང་ནས་བཤད་ན། འོ་མ་དང་། ཙོང་རིལ། སྲན་རིགས། ལྕ་ཚལ། ལ་སེར། རྒུན་འབྲུམ་སྐ་པོ། ངང་ལག  ཁམ་ཚིག  ཅོ་ལེ། གྲོའི་མྱུ་གུ པད་ལོག ཞོག་ཁོག ཀེའུ་སོགས་ལ་དབུགས་མང་བགཤག་བཅོས་རྗེས་སུ་འདི་དག་མི་ཟ་བ་དང་མྱོང་ངུ་སྤྱོད་དགོས། ཡང་ན་ཉ་ཤ་དང་  ཟོག་ བྱ་ཤ  སེར་ཀུབ། ཆང་བ་ལུ། ལྡུམ་སྒོང་། སིལ་དམར། སྐྱུ་རུ་ར། ཀུབ་མངར། འབྲས་སོགས་ལ་དབུགས་ཉུང་བས་དེ་དག་སྤྱད་ཆོག  གཞན་ད་དུང་ཟས་སྐོམ་ཉུང་ལ་ཐེངས་གྲངས་མང་པོ་བསྟེན་པ་དང་། ཁ་ཟས་ཞིབ་མོར་ལྡ་སྟེ་མིད་པ་དང་འགྲང་ཚད་རན་པ་ཡིན་ན་མཆོག
འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།