མོ་ནད་བརྟག་དཔྱད་སྐབས་སྔོན་ལ་བུད་མེད་དེའི་ཉེ་བའི་ཟླ3རིང་གི་ཟླ་མཚན་གྱི་དུས་འཁོར་གསལ་པོ་འབྲི་རྒྱུ་དང་།བརྟག་དཔྱད་སྔོན་གྱི་དུས་ཚོད་24ནང་མངལ་ལམ་བཀྲུ་མི་རུང་།རྒྱུ་མཚན་ནི་ཆུས་བཀྲུས་ན་ནད་བསྐྱེད་བྱེད་ཀྱི་འབུ་ཕྲ་འདག་འགྲོ་བས་ནད་ངོས་འཛིན་ལ་གནོད་པ་ཡོང་ངེས་ཡིན།ནད་མ་བརྟག་སྔོན་ལ་གཅིན་ཕོད་པ་དང་།བརྟག་པའི་སྐབས་སུ་དབུགས་རིང་ལེན་བྱས་ཏེ་གསུས་ཤ་ལྷོད་པོ་གནས་དགོས་པར་མ་ཟད།ཟླ་མཚན་འབབ་པའམ་ཟླ་མཚན་ཡོང་ལ་ཉེ་བའི་སྐབས་བརྟག་དཔྱད་བྱེད་མི་རུང་།ཟླ་མཚན་འབབ་སྐབས་བརྟག་དཔྱད་བྱེད་ན་ནད་འགོ་བའམ་ཁྲག་ཤོར་ཉེན་ཆེ།དེའི་རྐྱེན་གྱིས་མོ་ནད་ལ་བརྟག་དཔྱད་
སྐབས་གོང་གི་རྐྱེན་འདི་དག་ལ་མཉམ་འཇོག་དགོས།
